ཨ་རུ་སྡེ་ཚོགས་ཀྱིས2010ལོའི་ལས་འཛིན་པའི་ལྷན་ཚོགས་འཚོགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དྲ་བ།
དུས་ཚོད།:2011-01-30
ཀློག་གྲངས།:
ཚོགས་འདུའི་ཡུལ་དངོས།
ཉེ་ཆར། ཨ་རུ་སྡེ་ཚོགས་ཀྱིས2010ལོའི་ལས་འཛིན་པའི་ལྷན་ཚོགས་འཚོགས། ཚོགས་གཙོ་འོ་ཚོགས་ཆེན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད་ཅིང་། སྤྱི་གཉེར་གཞོན་པ་དོན་འགྲུབ་ཀྱིས་སྡེ་ཚོགས་ཀྱི་བཅུ་གཉིས་ལྔའི་འཕེལ་རྒྱས་ཀྱི་སྒྲིག་གཞིའི་སྙན་ཞུ་དང་། ནོར་རྩིས་གཙོ་གཉེར་ཧན་ཧཱ་ཉིན་གྱིས་ལོ་གཅིག་གི་ནོར་རྩིས་ཕྱོགས་ཀྱི་བྱ་བའི་སྙན་ཞུ་བྱས་པ་རེད། སྡེ་ཚོསག་ཀྱི་ལྟ་ཞིབ་ཚོགས་པ་དང༌། ཏང་ཨུ། ཁྲིམས་ཨུ་དང་ཁུངས་གཏོགས་ལས་ཁུངས་སོ་སོའི་འགོ་ཁྲིད་གཙོ་བོ་རྣམས་ཚོགས་འདུར་ཞུགས་པ་མ་ཟད། ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་ལྟ་ཞིབ་ཚོགས་པའི་ཀྲུའུ་ཞི་མཱ་ཁྲུན་ལོང་ཡང་ཚོགས་འདུ་ལ་ཞུགས་ཏེ་གཏམ་བཤད་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།