logo

གཟི་ཚ་སྡེ་དགུར་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་ཚོད་ལྟའི་ཁུལ་གྱི་གཟི་བརྗིད་མཚན་སྙན་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-01-28 ཀློག་གྲངས།:


གཟི་ཚ་སྡེ་དགུ།

            སི་ཁྲོན་རྔ་པ་ཁུལ་སྲིད་གཞུང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་ཀྲུང་གོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“རྒྱལ་ཡོངས་ཀྱི་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོད་ལྟའི་ཁུལ་གྱི་ལས་དོན་ཚོགས་འདུ་དང་བྱང་བུ་སྤྲོད་པའི་མཛད་སྒོ”དེ་པེ་ཅིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད།     གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྲགས་ཅན་དང་།པེ་ཅིང་ཡོན་མིང་ཡོན།ཨན་ཧུའེ་ཧོང་ཧྲན་རི་བོའི་གྲགས་ཅན་མཛེས་ལྗོངས་ཁུལ། ཧྲན་ཤིས་ཕིང་ཡའོ་རྫོང་། ཤིན་ཅང་ཁོ་ན་སི་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་སྤྲོ་འཆམ་གྲོང་ཁྱེར(མཛེས་ལྗོངས་ཁུལ)50ལ“རྒྱལ་ཡོངས་ཀྱི་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོད་ལྟའི་ཁུལ”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།


གཟི་ཚ་སྡེ་དགུ།

            དུས་ཡུན་རིང་པོའི་ནང་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང“རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ”མགྱོགས་མྱུར་བསྐྲུན་རྒྱུའི་དམིགས་ཚད་ལ་གཞིགས་ནས་ཚད་གཞི་མཐོ་བ་དང་རེ་བ་ནན་པའི་སྒོ་ནས་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་དང་མཐུན་སྦྱོར་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཐོན་ཁུངས་སྲུང་སྐྱོང་དང་།ཁོར་ཡུག་དོ་དམ།ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ།རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་བྱེད་ཐབས་ཧུར་ཐག་བཏོད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་སྲུང་སྐྱོང་དོ་དམ་དང་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་མཛེས་ལྗོངས་ཁུལ་དེ་འབྱུང་འཕྲོད་འཕེལ་རྒྱས་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུའི་སྐུལ་མ་བཏང་ཡོད།


གཟི་ཚ་སྡེ་དགུ།

            ཤེས་རྟོགས་བྱུང་བར་གཞིགས་ན།“རྒྱལ་ཡོངས་ཀྱི་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོད་ལྟའི་ཁུལ”གཏོད་པའི་བྱེད་སྒོ་དེ་ན་ནིང་ཟླ་6པ་ནས་འགོ་ཚུགས་པ་དང“ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཐབས”དེ་བྱེད་སྒོའི་བརྗོད་བྱ་གཙོ་བོར་བྱེད་པའི་དམིགས་ཡུལ་ནི་ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ཁུལ་དུ་ཐཱན་ཉུང་བྱ་སྤྱོད་སྤེལ་རྒྱུ་དང་ཐཱན་ཉུང་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན།“སྣོད་བཅུད་མཛེས་ལྗོངས་ཁུལ་གྱི་ཀྲུང་གོའི་བྱ་སྤྱོད་བྱེད་སྒོའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང”གི་རིགས་གཅིག་མཁས་ཅན་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་ཡིག་ཐོག་སྙན་ཞུ་ཕུལ་བའི་མཛེས་ལྗོངས་ཁུལ་དང་ས་ཁུལ་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་དང་དཔྱད་ཞིབ་བྱེད་པའི་ཚད་གཞིའི་ནང“སྣོད་བཅུད་ཐོན་ཁུངས་དང་།ཐཱན་ཉུང་བྱ་སྤྱོད།གཉེར་སྐྱོང་དོ་དམ”སོགས་རིགས་གསུམ་གྱི་ནང་དོན་ཁག་19ཚུད་ཡོད་པ་དང་རྒྱལ་ཡོངས་སུ་ཡིག་ཐོག་སྙན་ཞུ་ཕུལ་བའི་མཛེས་ལྗོངས་ཁུལ་དང་ས་ཁུལ་ཁྱོན་200ཙམ་ཡོད་པ་རེད།     


འབྲེལ་ཡོད་འོས་སྦྱོར།