དཔའ་རིས་རྫོང་གིས་དཔའ་རིས་བོད་ཀྱི་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་བྱས་པ།
རྩོམ་པ་པོ།:ཕྱུག་ལོ།
ཡོང་ཁུངས།: མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2011-01-25
ཀློག་གྲངས།:
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་ཉེ་སྔོན་དཔའ་རིས་རིག་གནས་འཛིན་སྐྱོང་བྱེད་པ་དང་ལོ་ངོ་སྟོང་གི་ཤེས་རིག་རྒྱུན་འཛིན་བྱེད་པ་བརྗོད་བྱ་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་དཔའ་རིས་བོད་ཀྱི་དམངས་གླུ་འཛིན་སྐྱོང་འཁྲབ་སྦྱོང་བྱ་འགུལ་སྤེལ། དཔའ་རིས་ས་ཆའི་བོད་ཀྱི་དམངས་གླུ་ལེན་མཁན་བཅུ་གཅིག་ཡུལ་དངོས་ཀྱི་འཁྲབ་སྟོན་ཁྲོད་ཞུགས་ཏེ། དཔའ་རིས་བོད་ཀྱི་དམངས་གླུ་སྦྱངས་མཁན་དག་ལ་དམངས་གླུ་ཁྲིད།
མཚམས་སྦྱོར་བྱས་པ་ལྟར་ན། འདི་ནི་ས་དེས་དཔའ་རིས་བོད་ཀྱི་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། 2008ལོར་དཔའ་རིས་བོད་ཀྱི་དམངས་གླུ་སྐོར་ཐེངས2པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དཀར་ཆག་གི་གྲས་སུ་བཀོད་རྗེས། དཔའ་རིས་རྫོང་གིས་དཔའ་རིས་བོད་ཀྱི་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། དཔའ་རིས་རྫོང་བོད་སྐད་ཡིག་གཞུང་སྒྲུབ་ཁང་གིས་རུ་ཁག་རྩ་འཛུགས་བྱས་ཏེ་དཔའ་རིས་ས་ཆའི་རི་ཀླུང་ཀུན་ཏུ་སོང་ནས་དམངས་ཁྲོད་ཀྱི་གླུ་བ་བཙལ། ལོ་འགའི་རིང་ལ་འབད་པ་བྱས་པ་བརྒྱུད་དེ་ད་བར་དུ་ས་དེས་དམངས་གླུ་སྟོང་གསུམ་ལྷག་དང་ལེན་སྟངས་ལྔ་བཅུ་ལྷག་འཚོལ་སྡུད་ལེགས་སྒྲིག་བྱས་པ་དང་། ཡིག་འབྲུ་འབུམ་བདུན་ཅན་གྱི་དཔའ་རིས་དམངས་གླུའི་དཔེ་ཆ«དམངས་གླུ་ནོར་བུ་དགའ་འཁྱིལ»ཞེས་པ་པར་དུ་བསྐྲུན།

འབྲེལ་ཡོད་འོས་སྦྱོར།