logo

ཡུན་ནན་སྐྱེ་དངོས་སྣ་མང་གི་སྲུང་སྐྱོང་དང་སློབ་གསོའི་རྟེན་གཞི་དེ་སེམས་ཀྱི་ཉི་ཟླར་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-01-25 ཀློག་གྲངས།:
            ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ཉེ་ཆར་ཡུན་ནན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དང་སློབ་གསོའི་རྟེན་གཞི་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རི་མཐོའི་རྩི་ཤིང་གླིང་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
            བདེ་ཆེན་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པར་བརྟེན་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་།སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་གླིང་ནི་སྤྱི་ཕན་རང་བཞིན་གྱི་ས་བབ་མཐོ་བའི་རྩི་ཤིང་གླིང་ཞིག་ཡིན།གླིང་ཁུལ་དུ་མཐོ་རིམ་རྩི་ཤིང་གི་སྣ་ཁ་620ཡོད་པའི་ནང་ཀྲུང་གོར་དམིགས་སུ་ཡོད་པའི་དངོས་རིགས་སྣ་ཁ་354ཡོད།མིག་སྔར་གླིང་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཞིབ་འཇུག་དང་སྤྱི་དམངས་སློབ་གསོའི་རྟེན་གཞི་དང་སྟེགས་བུ་ཞིག་རགས་ཙམ་སྐྲུན་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ཞིབ་འཇུག་མི་སྣ་100ལྷག་ཙམ་ཚན་རིག་ཞིབ་འཇུག་བྱེད་པར་ཡོང་གི་ཡོད་པ་རེད།
            ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་སློབ་གསོ་དང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ལག་ལེན་བསྟར་བའི“ཡུན་ནན་ནུབ་བྱང་གི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་བྱ་སྤྱོད་ཀྱི་འཆར་གཞི”དང“འཇའ་ཚོན་སྣ་བདུན་གྱི་ཡུན་ནན་སྲུང་སྐྱོང་བྱ་སྤྱོད་ཀྱི་འཆར་གཞི”ཡི་ནང་དོན་ཞིབ་ཕྲ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་སྐྱེ་དངོས་རང་བཞིན་གྱི་སྲུང་སྐྱོང་ས་ཁོངས་རྒྱ་ཆེ་རུ་གཏོང་བ་དང་།སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་མ་དངུལ་གཏོང་ཡུལ་རྒྱ་ཆེ་རུ་གཏོང་བ།སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་བྱེད་པ།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་།སྤེལ་རེས།མཉམ་ལས་བཅས་ཀྱི་ལམ་སྲོལ་དང་སྤྱི་དམངས་ཞུགས་རྒྱུའི་ལམ་སྲོལ་སྔར་བས་རྒྱ་ཁྱབ་ཞིག་བཙུགས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་ཚན་རིག་དང་མཐུན་པའི་ངང་གསར་སྤེལ་དང་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།