གླུ་བ་པདྨ་བསམ་གྲུབ་ཀྱི་སྙན་གྲགས་མཁའ་ལ་འཕྱོ་བཞིན་ཡོད་པ།

པདྨ་བསམ་གྲུབ།
ཉེ་ཆར། པདྨ་བསམ་གྲུབ་ཀྱིས་བོད་སྐད་ལམ་ནས་དབྱངས་སུ་བཀུགས་པའི《ཁྱད་མཚར》ཞེས་པ་ལ་མང་ཚོགས་ཀྱི་དགའ་བསུ་མི་དམན་པ་ཐོབ་ཀྱི་ཡོད་པ་མ་ཟད། གླུ་དབྱངས་ཀུང་ཟི་དང་སྨྱན་བྱེད་གསར་སྤེལ་བྱེད་མཁན་ཚོས་གདེངས་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

པདྨ་བསམ་གྲུབ《གླུ་བའི་ཁྱུ་ཚོགས》ཞེས་པའི་ནང་འཚུད་པ།
པདྨ་བསམ་གྲུབ་ཀྱི་ཆེད་བསྒྲིགས་གླུ་གཞས《ཟླ་གཞོངས》ཞེས་པའི་འགྲེམ་སྤེལ་ཚོགས་འདུའི་སྟེང་། ད་ལྟ་དགའ་བསུ་ཆེན་པོ་ཐོབ་ཀྱིན་པའི《ཁྱད་མཚར》ཞེས་པ་དྲུག་འགྱུར་གྱི་དབྱངས་སུ་གྱེར་པ་ལ་ཀྲུང་གོ་གཞས་ཕབ་སྤྱིའི་ཀུང་ཟིའི་སྤྱི་ཁྱབ་ལྟ་ཞིབ་པ་མཱ་ཤོད་ནན་གྱིས་མངགས་བརྗོད་ཆེན་པོ་གནང་བ་མ་ཟད། པདྨ་བསམ་གྲུབ་ནི་མ་འོངས་བའི་བོད་གཞས་ཀྱི་གནས་ཁྲིད་མཁན་དང་གསར་གཏོད་དཔེ་གཟུགས་ཞིག་ཡིན་ངེས་ཤིང་། སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱིས་བོད་གཞས་ཀྱི་ཁྱད་དུ་འཕགས་པའི་མཛེས་ཉམས་འབུར་དུ་བཏོད་པའི་གླུ་བ་ཕུལ་བྱུང་ཞིག་ཡིན་པ་རེད་ཅེས་བརྗོད།
ཆེད་བསྒྲིགས་འགྲེམ་སྤེལ་གྱི་ཆ་འཕྲིན་ཕྱི་ཕྱོགས་ལ་འགྲེམས་སྤེལ་བྱས་མ་ཐག སྨྱན་བྱེད་ལས་རིགས་གང་མང་དང་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཅིང་། པདྨ་བསམ་གྲུབ་ལ་གདེངས་འཇོག་ཆེན་པོ་བྱས་པའི་ཚད་དེ་དངོས་གནས་ཧ་ལས་པར་འདུག འདིས་རྗེས་ཕྱོགས་ཀྱི་གླུ་གར་སྟེགས་བུ་ཁྲོད། པདྨ་བསམ་གྲུབ་ཀྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ཞིག་ལེན་ཐུབ་པར་ཐེ་ཚོམ་མེད་པའི་ཚོད་དཔག་སྟེར་ངེས།
