logo

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་བསྡུས།

རྩོམ་པ་པོ།:ལྡོང་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-24 ཀློག་གྲངས།:


ཚོགས་འདུར་ཕེབས་པའི་འགོ་ཁྲིད་རྣམ་པ།

  སྤྱི་ལོ2011ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ནས་བཅུ་གསུམ་བར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ་ཟླ་བ་བློ་གྲོས་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ་དཔལ་ལྷ། སྤང་རྒྱན་མེ་ཏོག་དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ་བཀྲིས་གླིང་ཆུང་བདག    གཞན་བོད་རིགས་རྩོམ་པ་པོ་བསྟན་འཛིན་དང་ཡེ་ཤེས་ཚེ་རིང་སོགས་ཚོགས་འདུར་ཞུགས་ཡོད།


སྦྲང་ཆར་དུས་དེབ་ཀྱི་རྩོམ་སྒྲིག་པ་ཟླ་བ་བློ་གྲོས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

  ཚོགས་ཐོག་ཏུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་མང་པོ་འགྲེམ་སྟོན་བརྗེ་རེས་མཛད་པའི་ནང་དུ་བོད་ཡིག་དུས་དེབ་གོང་སྨྲས་གསུམ་ལས་མེད་པས་ཡུ་གུར་དང་སོག་པོ་སོགས་མི་རིགས་གཞན་ལས་ཉམས་ཞན་ཆེ་ཙམ་སྣང་།  ཞོར་དུ་སྒྲུབ་པའི་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཀྱི་རྒྱ་ཡིག་པར་མ་སྤེལ་ནས་ལོ་འཁོར་སུམ་ཅུ་ལོན་པའི་མཛད་སྒོའི་སྟེང་པད་མ་ཚེ་བརྟན་གྱི་གློག་བརྙན་འཁྲབ་གཞུང་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་སོགས་གློག་བརྙན་འཁྲབ་གཞུང་སྐོར་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་གི་བྱ་དགའ་ཐོབ་ཅིང་།  ལོ་ཙཱ་བ་རྡོ་རྗེ་མཁར་ལ་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཀྱི2010ལོའི་ལོ་རེའི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།