རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་བུད་མེད་ཡོངས་ཀྱིས3.8དུས་ཆེན་སྐྱིད་པོ་ཞིག་རོལ་བ།
རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་བུད་མེད་ཡོངས་ཀྱིས3.8དུས་ཆེན་རོལ་བ།
གསུམ་བརྒྱད་བུད་མེད་དུས་ཆེན་ལ་མཚོན་ན་བུད་མེད་ཚོ་ཁོ་ནར་དབང་བའི་དུས་ཆེན་ཞིག་ཡིན་ལ། རྒྱལ་ཁབ་དང་མི་རིགས་སོ་སོ། ཡང་ན་ས་གནས་སོ་སོས་ནས་དུས་ཆེན་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།
ཏང་གི་ཡང་དག་པའི་འགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་བཟང་བོ་ལག་ལེན་དོན་འཁྱོལ་བྱས་པ་ནས་བཟུང་། ང་ཚོ་གྲངས་ཉུང་མི་རིགས་ཀྱི་ས་གནས་སོ་སོའི་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་བཅས་ཐད་ཀྱི་གནས་ཚུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
ཐེངས་འདིར་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་བའི་བུད་མེད་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་སྡེ་བའི་བུད་མེད་རྒན་དར་གཞོན་གསུམ་ཡོངས་ལ་དུས་ཆེན་སྐྱིད་པོ་ཞིག་རོལ་དུ་བཅུག་པ་མ་ཟད། སྡེ་བའི་བུད་མེད་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱས་ནས། མ་འོངས་པར་ཁོ་ཚོའི་རང་ཉིད་ཀྱི་ཁྱིམ་ཚང་དང་བཟའ་ཟླ བྱིས་པ། ལས་ཀ་སོགས་ལ་རང་ནུས་གང་ཡོད་བཏོན་ནས་གཞན་གྱི་མིག་དཔེར་ལྟ་སའི་བུད་མེད་དཔེ་ལེགས་ཅན་ཞིག་བྱ་རྒྱུའི་སྐུལ་སློང་གནང་།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་སྡེ་བའི་བུད་མེད་རྣམས་ཀྱི་ཡོན་ཏན་དང་གཤིས་ཀ བསམ་བློ། ཕུགས་བསམ་སོགས་ཀྱི་ཐད་ནས་ཚང་མས་བུད་མེད་རྣམས་ལ་གོང་བཀུར་དང་བསྔགས་བརྗོད། ཁ་མིག་ཡར་ལྟ་བྱེད་དགོས་པའི་གསུང་བཤད་གལ་ཆེན་གནང་ལ། སྡེ་བའི་བུད་མེད་རྣམས་ཀྱིས་ཀྱང་རྗེས་ཕྱོགས་ཀྱི་མི་ཚེ་ལམ་ཁ་རུ་སྙིང་རུས་གང་ཡོད་བསྐྱེད་ནས་སྡེ་བའི་མཐུན་སྒྲིལ་དང་འཕེལ་རྒྱས། ལམ་ཕྱོགས་སོགས་ལ་རང་གི་ཡོད་ཚད་འབུལ་དགོས་པའི་རེ་བ་གང་མང་ཞུས།
མཇུག་མཐར། སྡེ་བའི་བུད་མེད་ཡོངས་ལ་དུས་ཆེན་གྱི་གསོལ་སྟོན་བཤམས་པ་དང་། གླུ་དང་གླུ་དབྱངས། ཞབས་བྲོ། ཨ་རྩེད། ཁེད་དང་གབ་ཚིག་སོགས་ཀྱི་རིག་རྩལ་རྩེད་མོ་སྣ་མང་ཁྲོད་དུ་ཐེངས་འདིའི་བྱ་འགུལ་རྒྱལ་ཁའི་ངང་ཡོངས་སུ་མཇུག་བསྡུས་སོ།།