མཚོ་སྔོན་གྱིས5Aརིམ་པའི་མཛེས་ལྗོངས་ཁུལ3གསར་འཛུགས་སྒོས་གནས་སྐོར་བྱེད་ཡུལ་དུ་སྐྲུན་འཆར་ཡོད་པ།
2011ལོར་མཚོ་སྔོན་ཞིང་ཆེན་གྱིས5Aརིམ་པའི་མཛེས་ལྗོངས་ཁུལ3གསར་འཛུགས་བྱས་ཏེ། མཚོ་སྔོན་དེ་གནས་སྐོར་བས་ཡིད་སྨོན་བྱེད་སའི་གནས་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་བསྐྲུན་རྒྱུ་རེད།
མཚོ་སྔོན་གྱིས་བཟོས་པའི་ལྔའི་བཅུ་གཉིས་པའི་འཆར་འགོད་ཁྲོད་བསྟན་དོན། རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ་སྐོར་ཞིག་གསར་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བའི་མཐོ་སྒང་གི་གནས་སྐོར་བྱེད་ཡུལ་གྱི་ཞིང་ཆེན་ཞིག་ཏུ་གསར་འཛུགས་བྱེད་པ་དང་། མཚོ་སྔོན་དེ་རྒྱལ་སྤྱི་རང་བཞིན་ཅན་དང་སྣ་མང་རང་བཞིན་ཅན་གྱི་གནས་སྐོར་བྱེད་ཡུལ་ཏུ་འཛུགས་སྐྲུན་བྱེད་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་འཆར་འགོད་འཛུགས་སྐྲུན་ཁྲུའུ་ཡི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལྔ་བཅུ་གཉིས་པའི་དུས་སྐབས་སུ། མཚོ་སྔོན་གྱིས5Aརིམ་པའི་མཛེས་ལྗོངས་ཁུལ3གསར་འཛུགས་བྱེད་རྒྱུ་ཡིན་ཏེ། མཚོ་སྔོན་པོ་དང་གསེར་དངུལ་རྩྭ་ཐང་། མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་བཅས་ཡིན།
མིག་སྔར། མཚོ་སྔོན་པོའི་ཐོན་ཁུངས་སྤུས་ཚད་དེ་རྒྱལ་ཁབAརིམ་པའི་དཔྱད་འཇོག་ཨུ་ཡོན་ལྷན་ཚོགས་ཀྱིས་ཁས་ལེན་ཐོབ་པ་དང་། ད་ལོའི་ཟླ་བདུན་པ་ནས་བརྒྱད་པའི་བར། ཆེད་མཁས་པའི་ཚན་ཆུང་ལྐོག་ཏུ་བཅར་འདྲི་བྱེད་པར་ཡོང་ཏེ། དཔྱད་འཇོག་ཚད་ལེན་ཐོབ་རྗེས5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་རྒྱུ་རེད། རྟེན་མཛོད་ཁང་གི་ཕྱོགས་ནས་ཤུགས་ཆེན་པོས་རྟེན་མཛོད་ཁང་ཚོགས་པ་གསར་འཛུགས་བྱས་ནས་རྟེན་མཛོད་ཁང་མང་པོ་གཅིག་སྦྲེལ་བྱེད་པའི་ཐབས་སྤྱད་དེ་རྟེན་མཛོད་ཁང་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་རྒྱུ་རེད། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་རྟེན་མཛོད་ཁང་དེ་མིག་སྔར་འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད་ལ། ཁུ་ནུ་གཡང་ཊི་རྟེན་མཛོད་ཁང་གི་ད་ལྟ་འཛུགས་སྐྲུན་བྱེད་བཞིན་ཡོད།