logo

སྐབས་དྲུག་པའི་གཟི་ཚ་སྡེ་དགུའི་རྒྱལ་སྤྱིའི་ཐུར་ཆགས་འཁྱགས་རོམ་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-19 ཀློག་གྲངས།:


སྐབས་དྲུག་པའི་གཟི་ཚ་སྡེ་དགུའི་རྒྱལ་སྤྱི་ཐུར་ཆགས་འཁྱགས་རོམ་ཡུལ་སྐོར་དུས་ཆེན་མཛད་སྒོ།

  2011ལོའི་ཟླ1པའི་ཚེས18ཉིན།  རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་སྤེལ་པའི་སྐབས་དྲུག་པའི་གཟི་ཚ་སྡེ་དགུའི་རྒྱལ་སྤྱི་ཐུར་ཆགས་འཁྱགས་རོམ་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་གཟི་ཚ་སྡེ་དགུ་ནས་བསྡུས་པ་རེད།


སྐབས་དྲུག་པའི་གཟི་ཚ་སྡེ་དགུའི་རྒྱལ་སྤྱི་ཐུར་ཆགས་འཁྱགས་རོམ་ཡུལ་སྐོར་དུས་ཆེན་གྱི་འཛད་སྒོའི་བྲོ་གར།

  འདི་ནི5.12ས་འགུལ་རྗེས་ཀྱི་ཐོག་དང་པོའི་རྒྱལ་སྤྱི་ཐུར་ཆགས་འཁྱགས་རོམ་གྱི་ཡུལ་སྐོར་དུས་ཆེན་ཡིན་ཞིང་།  བོད་རིགས་དང་ཆཱང་རིགས་ཀྱི་གླུ་གར་ཚོགས་པ་དང་།  སི་ཁྲོན་གྱི་གླུ་གར་ཚོགས་པ་སོགས་ཀྱིས་གཟིགས་མོ་བ་རྣམས་ལ་བྲོ་གཞས་ཕུན་སུམ་ཚོགས་པ་ཕུལ་བ་རེད།
  རྒྱུས་ལོན་ལྟར་ན།   ཟླ1ཚེས18ནས་ཟླ2ཚེས28བར།  “སྐབས་གཉིས་པའི་ཤེས་རིག་ལྟེ་གནས”གླེང་སྟེགས་དང་། “ཕུན་ཚོགས་རྔ་བ།” “2011ལོའི་རྒྱལ་སྤྱི་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ།” “གཟི་ཚ་སྡེ་དགུ་རང་བྱུང་སྐད་སྒྲའི་གླུ་ཚོགས།” “བཀྲ་ཤིས་པའི་གཟི་ཚ་སྡེ་དགུ”སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་།  ལུགས་རྙིང་ལོ་སར་སྐབས་སུ། གཟི་ཚ་སྡེ་དགུ་རུ་ད་དུང་བོད་རིགས་སྡེ་བ་རྩ་འཛུགས་གནང་སྟེ་ཕན་ཚུན་ལ་ལོ་སར་བཟང་བའི་ཁ་གཡང་བརྗོད་པ་དང་།  མཆོད་སྦྱིན་བྱེད་པ། གར་འཁྲབ་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་།  དེ་དང་ཆབས་ཅིག་ཏུ། བོད་པའི་ཁྱིམ་ཚང་ལ་འགྲོ་བའི་མྱོང་ཚོར་ལྗོངས་རྒྱུ་དང་།  དཀྲུགས་ཇ་བསྐོལ་བ་དང།  རྡོ་བསྐོས་མ་ཎི། རླུང་རྟ་དཔར་སྐྲུན་སོགས་ལ་ལྗོངས་རྒྱུ་བ་རྣམས་དངོས་སུ་ཟབ་ཞུགས་བྱེད་པའི་བྱ་འགུལ་སོགས་ཀྱང་སྤེལ་རྒྱུ་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།