logo

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་པེ་ཅིང་བོད་ཡིག་ཆ་འཕྲིན་ལག་རྩལ་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-17 ཀློག་གྲངས།:


བཞུགས་མོལ་ཚོགས་འདུ་ཡུལ་དངོས།

  2011ལོའི་ཟླ1ཚེས16ཉིན་གྱི་ཕྱི་དྲོ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་པེ་ཅིང་བོད་ཡིག་ཆ་འཕྲིན་ལག་རྩལ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།  ཐེངས་འདིའི་ཚོགས་འདུ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་འགོ་གཙོ་ཆེན་མོའམ་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་འགོ་འཛིན་མཛད་པ་རེད།


ནང་བསྟན་དྲ་བའི་སྤྱིའི་འགན་འཛིན་པ་ཨན་ཧུའུ་ཧྲིན་གྱིས་ལེགས་སྐྱེས་ཕུལ་པ། 

  ཨ་རིའི་ཧྥུ་ཅིའི་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏ་ཝེ་ཅི་མཱ་ནོ་དངChristopher Walker།  ནང་བསྟན་དྲ་བའི་སྤྱིའི་འགན་འཛིན་པ་ཨན་ཧུའུ་ཧྲིན།  བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་དང་རྩིས་འཁོར་གླིང་སོགས་ནས་ཡོང་བའི་ཆེད་མཁས20ལྷག་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ལ་ཞུགས་པ་མ་ཟད། 《ཀྲུང་གོའི་བོད་ཀྱི་རིག་གནས་ལོ་རིམ་མེ་ལོང》ཞེས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲང་ཧྲུན་ཕིན་ཡང་དངོས་སུ་བཞུགས་མོལ་ཚོགས་འདུ་ལ་ཞུགས་པ་རེད། 


འབྲེལ་ཡོད་འོས་སྦྱོར།