མཚོ་སྔོན་པོ་དྲ་རྒྱ་ལ་ཁྲི་ཀའི་ལྗོངས་རྒྱུ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་མཚན་བྱང་ཐོབ།
སྔོན་ཐོན་ཐུན་མོང་གི་མཚན་བྱང་བྱ་དགའ།
2011ལོའི་ཟླ1ཚེས10ཉིན། མཚོ་ལྷོ་ཁུལ་ཁྲི་ཀའི་ཡུལ་སྐོར་ལྗོངས་རྒྱུའི་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་བྱ་བའི་སྤྱི་བསྡོམས་ཚོགས་འདུ་དེ་ཁྲི་ཀ་རྫོང་ནས་བསྡུས་ཤིང་། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས2010ལོར་ཆེད་དུ་ཁྲི་ཀའི་ཡུལ་སྐོར་ལྗོངས་རྒྱུ་ཕྱོགས་ནས་ཆ་འཕྲིན་ཁྱབ་བསྒྲགས་གང་མང་མཛད་པས། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས2010ལོའི་ཁྲི་ཀའི་ལྗོངས་རྒྱུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་གི་མཚན་བྱང་གནང་བ་རེད།
2010ལོར། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཁྲི་ཀའི་ཡུལ་སྐོར་ལྗོངས་རྒྱུ་རིག་གནས་དྲ་བར་ཇུས་གཞི་དང་འཆར་འགོད་གནང་ཞིང་། ཁྲི་ཀའི་ཡུལ་སྐོར་ལྗོངས་རྒྱུ་སྐོར་གྱི་ཆ་འཕྲིན150ལྷག་སྤེལ་པ་སྟེ། ཟི་ལིང་ན་སྤེལ་པའི་ཁྲི་ཀའི་ལྗོངས་རྒྱུ་ཕྱོགས་བསྡུས་ལས་གཞི་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། སྐབས་དྲུག་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན། ཁྲི་ཀའི་གནའ་མཁར་སྲུང་སྐྱོབ་དང་གསར་སྤེལ་བཀོད་སྤྱོད་བཅོས་བསྒྱུར་བྱ་བའི་འཕེལ་སྟངས། ཀྲུང་དབྱང་བརྙན་འཕྲིན་ཁང《རྒྱལ་ཡོངས་སུ་སྐྱོད་པ》ཞེས་པའི་ཕབ་སྐྲུན་སྡེ་ཁག་ཁྲི་ཀར་སླེབས་པ། ཞི་ཨན་ནས་སྤེལ་པའི་ཁྲི་ཀའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ས་ཁུལ་ཞེས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ། ཁྲི་ཀའི་རྒྱལ་ཁབ་ས་གཤིས་ར་བའི་ཨ་སྐུང་ལྗོངས་ཡུལ་སྒོ་ཕྱེས་པ། ཁྲི་ཀ་ནས་ཚོགས་པའི2010ལོའི་འཛམ་གླིང་བྱེ་འགྱུར་སྔོན་འགོག་དང་ཐན་སྐྱོན་བརྗོད་བྱའི་གླུ་ཚོགས། ཁྲི་ཀའི་སྲིན་པོ་གླིང་ཀ་སྤྲོ་སྐྱིད་ལྟེ་གནས་ལེགས་འགྲུབ་བྱུང་བའི་མཛད་སྒོ། ཁྲི་ཀའི་ཆུ་ནུབ་གྲོང་རྡལ་གྱི་ཡུལ་ལྷའི་ལྷ་ཁང་གི་རྒྱུ་མང་རིག་གནས་འཆམ་མཐུན་ངང་གནས་པ། ཁྲི་ཀའི་མི་ཉག་མཆོད་རྟེན་བསྐྱར་འཛུགས་ཀྱི་འཕེལ་ཚད། ཁྲི་ཀའི་ཟླ་དྲུག་པའི་གླུ་རོལ་བྱ་འགུལ། སྤྱན་རིས་གཟིགས་ཀྱི་སྐུ་བཞེངས་བྱ་བ་འགོ་བརྩམས་པའི་མཛད་སྒོ་སོགས་ཆ་འཕྲིན་མང་པོ་ཞིག་ལ་དུས་ལྟར་གསར་འགོད་བྱས་པ་རེད།
མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཁྲི་ཀའི་ལྗོངས་རྒྱུ་དང་སྤྱི་ཚོགས་གོང་སྤེལ་ཐད་ཀྱི་ཆ་འཕྲིན་གང་མང་དུས་ཐོག་ཏུ་དྲ་ཐོག་ནས་ཁྱབ་སྤེལ་བྱས་པས། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁྲི་ཀ་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་ཁྲི་ཀའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཕྱི་ནང་གི་དྲ་གྲོགས་ལྷན་རྒྱས་ཀྱི་དགའ་བསུ་དང་བསྔགས་བརྗོད་མི་དམན་པ་ཐོབ་པ་རེད།