སེམས་ཀྱི་ཉི་ཟླའི་པར་རིས་ཁ་ན་ཏའི་གྲོང་ཁྱེར་ཏའོ་ལོན་ཏའོ་ནས་འགྲེམ་སྟོན་བྱས་པ།
སེམས་ཀྱི་ཉི་ཟླ་རྫོང་གི་བོད་རིགས་ལས་བྱེད་པས་ཁ་ན་ཏའི་མང་ཚོགས་ལ་
བོད་ཀྱི་ཁ་བཏགས་མཚམས་སྦྱོར་བྱེད་བཞིན་པ།
ཀྲུང་གོའི་ཡུན་ནན་ཞིང་ཆེན་ཕྱི་ཕྱོགས་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་སེམས་ཀྱི་ཉི་ཟླའི་པར་རིས་འགྲེམ་སྟོན་ཁ་ན་ཏའི་གྲོང་ཁྱེར་ཏའོ་ལོན་ཏའོ་ནས་འགྲེམ་སྟོན་བྱས་ཤིང་། མཚར་སྡུག་ལྡན་པའི་པར་རིས་ལ་བརྟེན་ནས་ལེ་བར་ཁྲི་ཕྲག་ཡོད་པའི་ཁ་ན་ཏའི་མང་ཚོགས་ལ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག་འདོན་སྤྲོད་བྱས་པ་རེད།
ཡུན་ནན་ཞིང་ཆེན་ཕྱི་ཕྱོགས་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱི་ལས་འཛིན་པའེ་ཡས་ཞིན་གྱིས་མཚམས་སྦྱོར་བྱས་ཏེ་བཤད་རྒྱུར། ཐེངས་འདིའི་པར་རིས་འགྲེམ་སྟོན་བརྒྱུད་ནས་ཁ་ན་ཏའི་མང་ཚོགས་རྣམས་ཀྲུང་གོ་དང་ཡུན་ནན་ས་ཁུལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག་སྐྲུན་པ་མ་ཟད། གངས་རིའི་མཐོ་སྒང་དང་སེམས་ཀྱི་ཉི་ཟླའི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས། ད་དུང་བདེ་ཆེན་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སྐྲུན་པའི་སྲོལ་རྒྱུན་རིག་གནས་སོགས་ཉམས་སུ་མྱོང་བའི་བསྐལ་བཟང་ཞིག་ཀྱང་ཡིན་པར་བརྗོད། “ངའི་རེ་བ་ཡིན་ན་ཐེངས་འདིའི་འགྲེམ་སྟོན་བརྒྱུད་ནས་ཁ་ན་ཏའི་མང་ཚོགས་ཀྱིས་རྒྱང་རིང་ན་ཆགས་ཡོད་པའི་ཀྲུང་གོ་དང་མཛེས་སྡུག་གི་ཡུན་ནན། ད་རུང་ལྟ་བས་ཆོག་མི་ཤེས་པའི་སེམས་ཀྱི་ཉི་ཟླ་སོགས་ལ་རྒྱུས་ལོན་ཟབ་མོ་ཤིག་ལོན་ཐོབ་ཐུབ་པར་སྨོན”ཞེས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ས་ཁུལ་དུ་ཐོན་པའི་བོད་རིགས་སྤུན་ཟླ་ཞིག་གིས་དེ་ལྟར་བཤད་པ་རེད།
དངུལ་རྩའི་བྱ་བ་ལས་མཁན་ཁ་ན་ཏའི་མང་ཚོགས་ལུའེ་ཁུ.ཕིན་ཁུ་ཡིས་ཆེད་དུ་ཉིན་ཕྱེད་ཙམ་གྱི་དུས་ཚོད་བེད་སྤྱད་དེ་པར་རིས་འགྲེམ་སྟོན་ལ་གཟིགས་པ་དང་ཁོས་གསར་འགོད་པར་པར་རིས་འདི་དག་ངོ་མ་མཛེས་སྡུག་ལྡན། པར་རིས་འདི་བརྒྱུད་ནས་ཁོ་རང་ཀྲུང་གོ་ལ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་འདུན་པ་སྔར་ལས་ཆེ་དྲག་ཡིན་པར་བཤད། པར་རིས་འདི་དག་ཚེས14ཉིན་ནས་ཚེས21ཉིན་བར་ཝུན་ཀུ་ཧྭ་ཀྲུང་ཧྭ་རིག་གནས་ལྟེ་གནས་སུ་འགྲེམ་སྟོན་བྱེད་རྒྱུ་རེད།