མཚོ་སྔོན་པོ་དྲ་བས་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-02-15
ཀློག་གྲངས།:
མཚོ་སྔོན་པོ་དྲ་བས་བོད་ས་ཕོ་ཁྱིའི་ལོ་ལ་ཕུལ་བའི་ཤིས་ཚིག
གནམ་ལོ་གསར་བའི་དུས་བཟང་སླེབས་གྲབས་སུ། །བཀྲ་ཤིས་ལྷ་རྫས་དཀར་པོའི་ཚུལ་བཟུང་ནས། །
རྟེན་འབྲེལ་ངང་གིས་འགྲིག་པའི་ཤིས་པ་ཞིག །
འདི་རུ་དྲ་དམངས་ཡོངས་ལ་ཕུལ་ལེགས་སོ། །
ཁ་བའི་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་བཅས། །
སྒྱུ་འཕྲུལ་དྲ་བའི་སྲད་བུར་ལེགས་བརྒྱུས་ཏེ། །
སྲིད་པ་གསུམ་ལ་སྐད་ཅིག་དུས་ཡུན་ནང་། །
ཁྱབ་པར་བྱེད་པ་འདི་ཀོ་ཨེ་མ་རྨད། །
ཚན་རྩལ་རིག་སྟོབས་འགྲན་པའི་དུས་རབས་སུ། །
ཆ་འཕྲིན་དྲ་བས་འཛིན་མའི་ཁྱོན་ཡོངས་ལ། །
མངའ་དབང་བསྒྱུར་ཞིང་ཕན་བདེ་བླ་ལྷག་བསྐྲུན། །
དེའི་ཕྱིར་ལས་འདིས་དོན་ཀུན་འགྲུབ་གྱུར་ཅིག །
སྣ་ཚོགས་ཤེས་བྱའི་བང་མཛོད་ཉེར་བསྐྲུན་ཏེ། །
དོན་གཉེར་ཅན་ལ་མཁོ་དགུ་འདོན་པ་འདི། །
འཛམ་གླིང་དཔལ་ཡོན་འཕེལ་བའི་ལས་ཡིན་པས། །
ཡུན་རིང་གནས་ཤིང་ཁོ་ལག་རྒྱས་པར་ཤོག །
སྲིད་ཞིའི་ལེགས་ཚོགས་མ་ལུས་གཅིག་བསྡུས་ཤིང་། །
ལུགས་གཉིས་དོན་ཀུན་འགྲུབ་པར་བཀྲ་ཤིས་ཤོག །
མཆོག་གསུམ་མཉེས་བའི་འཕྲིན་ལས་རབ་རྒྱས་ཏེ། །
སྡེ་བཞི་ཕུན་ཚོགས་གཡོ་བའི་བཀྲ་ཤིས་ཤོག །
འཛམ་གླིང་ཡུལ་གྲུ་ཆེ་ཆུང་མཐའ་དག་ཏུ། །
འཁྲུག་རྩོད་མུ་གེ་ནད་ཡམས་ཀུན་ཞི་ཞིང་། །
ཁྱད་པར་གངས་ཅན་བོད་ཀྱི་ཡུལ་ཁམས་འདིར། །
འབྱོར་ཕྱུག་རྒྱས་ཤིང་ཤེས་རིག་དར་བར་ཤོག །
ལས་ཀྱིས་འབྲེལ་བའི་དྲྭ་གྲོགས་ཐམས་ཅད་ཀྱི། །
བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག །
ལོངས་སྤྱོད་ཀླུ་དང་མཚུངས་བའི་བཀྲ་ཤིས་ཤོག །
ལུས་སེམས་བདེ་བར་ཡོང་བའི་བཀྲ་ཤིས་ཤོག །
འབྲེལ་ཡོད་འོས་སྦྱོར།