གླིང་བཟའ་པ་སངས་སྒྲོལ་མའི་བརྙན་འཁོར《ལྷ་བྱ་དཀར་མོ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ་རེད།

བརྙན་འཁོར《ལྷ་བྱ་དཀར་མོ》
ཉེ་ཆར། གླིང་བཟའ་པ་སངས་སྒྲོལ་མས་གཞས་ཚིག་དང་དབྱངས་རྟ་ཆེད་སྒྲིག་མཛད་པའི་བརྙན་འཁོར《ལྷ་བྱ་དཀར་མོ》ཞེས་པ་མི་འགྱང་བར་འགྲེམས་སྤེལ་བྱེད་ལ་ཉེ་བ་རེད།

གླིང་བཟའ་པ་སངས་སྒྲོལ་མ།
བརྙན་འཁོར་འདིའི་ནང་གི་ཚིག་དང་དབྱངས་རྟ་ཐམས་ཅད་ནི་གླིང་བཟའ་པ་སངས་སྒྲོལ་མས་ཁོ་མོའི་འཚོ་བའི་ཁྲོད་ཀྱི་མཐོང་སྣེ་ཐན་ཐུན་གཞས་ཚིག་ཏུ་ཕབ་པ་ལ་སེམས་ཀྱི་ཚོར་འགྲོས་དང་མཐུན་པའི་དབྱངས་རྟ་རེ་རེ་ཡང་མོ་རང་ཉིད་ཀྱི་བརྩམས་པ་ཞིག་ཡིན་པར་མ་ཟད། གླུ་གཞས་ཕལ་ཆེར་མོ་རང་གི་ལྷན་སྐྱེས་ཀྱི་སྐད་ངག་ལས་རིགས་མཐུན་སྤུན་ཟླའི་ཚོགས་ལ་སེམས་པ་མཚོན་པའི་མེ་ཏོག་ཚོམ་བུ་ཞིག་གི་དོད་དུ་ཚོད་ལྟ་བྱས་ཏེ་ཕུལ་བ་ཞིག་རེད་ལ། གླུ་ཚིག་འགའ་ཞིག་གངས་ལྗོངས་ཁུ་བྱུག་སྔོན་པོ་བདུད་བྷེ་ལགས་དང་། གླུ་བ་ལྷུན་གྲུབ། གླུ་མ་སྒྲོན་པེ། གླུ་བ་གདུགས་དཀར། གླུ་བ་ཡོན་ཏན་མགོན་པོ་རྣམས་ཀྱིས་སྙན་མོའི་ངག་གི་དབྱངས་རྟ་ལ་དྲངས་ཏེ་བླངས་ཡོད་པའི་དབྱངས་རྟ་གསར་བ་རྐྱང་རྐྱང་ཞིག་ཡིན་འདུག
