བོད་ལྗོངས་ཀྱི་ཡུལ་ལྗོངས་ཁུལ3 ཡང་རྒྱལ་ཁབ་ཀྱི4A རིམ་པར་འཕར་བ།
ཀླུ་ནང་།
ཉེ་སྔོན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསུམ་ཡང་རྒྱལ་ཁབ་ཀྱི་4A རིམ་པར་འཕར་བ་རེད། དེ་དག་རེ་རེ་ནི་ཉིང་ཁྲི་ཡར་ཀླུང་གཙང་པོའི་བྲག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་དང་། ཉིང་ཁྲི་ཀླུ་ནང་མཛེས་ལྗོངས་ཁུལ། སྨན་གླིང་གནས་ཡུལ་རོང་མཛེས་ལྗོངས་ཁུལ་བཅས་རེད། ད་ལྟ་བོད་ལྗོངས་སུ་རྒྱལ་ཁབ་ཀྱི་4A རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅུ་ལས་བརྒལ་ཡོད། སྔོན་དུས་སུ8ཡོད་པ་ད་ལྟ11ཏུ་འཕར་ཡོད་པ་རེད།
ཡར་ཀླུང་གཙང་པོའི་བྲག་རོང་ཆེན་མོ།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་མཛེས་ལྗོངས་སྤུས་ཚད་ཚད་གཞི་དཔྱད་བསྡུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཤུགས་ཆེན་པོས་མཚམས་སྦྱོར་བྱས་པ་བརྒྱུད། རྒྱལ་ཡོངས་ཡུལ་སྐོར་མཛེས་ལྗོངས་སྤུས་ཚད་ཚད་གཞི་དཔྱད་བསྡུར་ཨུ་ཡོན་ལྷན་ཚོགས་ཀྱིས། བོད་ལྗོངས་ཉིང་ཁྲི་ཡར་ཀླུང་གཙང་པོའི་བྲག་རོང་ཆེན་མོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཉིང་ཁྲི་ཀླུ་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ། སྨན་གླིང་གནས་ཡུལ་རོང་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་གསུམ་རྒྱལ་ཁབ་ཀྱི་4A རིམ་པའི་ཚད་གཞི་དང་མཐུན་པ་ཐག་བཅད་པ་རེད།
གནས་ཡུལ་རོང་།
མིག་སྔར་བོད་ལྗོངས་སུA རིམ་པའི་མཛེས་ལྗོངས་ཁུལ21ཡོད་པ་དང4A རིམ་པའི་མཛེས་ལྗོངས་ཁུལ11ཡོད་པ་རེད།