logo

《ངོ་མཚར་བའི་ཤུལ་རྗེས》ཕབ་སྐྲུན་ཚོགས་པས་བཙན་ལྷ་རྫོང་དུ་བཅར་འདྲི་བརྙན་ཕབ་བྱས།

རྩོམ་པ་པོ།:བསམ་འཕེལ་ནོར་བུ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2011-01-11 ཀློག་གྲངས།:

 
ཕབ་སྐྲུན་ཚོགས་པས་གསར་རྗེས་དྲན་གསོ་ཁང་དུ་བརྙན་ཕབས་བྱེད་བཞིན་པ།

        2011ལོའི་ཟླ1པོའི་ཚེས4ཉིན་ནས་ཚེས10ཉིན་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ངོ་མཚར་བའི་ཤུལ་རྗེས》ཕབ་སྐྲུན་ཚོགས་པའི་འཁོར་མི8བཅས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་འཇང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་སོང་ནས་བཅར་འདྲི་ཕབས་སྐྲུན་བྱས།


རོགས་སྐྱོར་འཛུགས་སྐྲུན་གྱི་གནས་ཚུལ་གླེང་བཞིན་པ།

        ཕབ་སྐྲུན་ཚོགས་པས་དགུན་ཁའི་གྲང་ངར་གདོང་གིས་བསུས་ཏེ་མཐོ་ཚད་ལ་མཚོ་ངོས་ལས་མུས5000ཡོད་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གི་དམར་དམག་རྒྱང་བསྐྱོད་སྐབས་ཀྱི་གསར་རྗེས་དྲན་གསོ་གྲོས་ཁང་དུ་སོང་ནས་རོགས་སྐྱོར་འཛུགས་རྣམ་གྲངས་ཀྱི་བཀོལ་སྤྱོད་དང་དོ་དམ་གནས་ཚུལ་ཕབ་སྐྲུན་བྱས་པ་དང་།“སྔོན་ཤུལ་རྒྱང་བསྐྱོད། གསར་རྗེས་གནའ་མཁར”ཆུ་དགར་ཡུལ་ཚོའི་རོང་འབྲོག་པའི་ཁྱིམ་ཚང་དུ་སོང་ནས་སྐབས་དེར་དམར་དམག་གཞིས་སྡོད་བྱས་མྱོང་བའི་ཁྱིམ་ཚང་གི་གཏམ་རྒྱུད་དང་གནོད་ཐེབས་རྗེས་ཀྱི་རོགས་སྐྱོར་འཛུགས་སྐྲུན་གནས་ཚུལ་རྒྱུས་ལོན་བྱས་པ་དང་། བཙན་ལྷ་རྫོང་དུ་སོང་ནས་རྫོང་དེའི་གཙོ་འཛིན་འགོ་ཁྲིད་ལ་བཅར་འདྲི་བྱས་ཏེ་ལོ་ལྔ་ཚན་འཆར་གཞི་བཅུ་གཅིག་པའི་སྐབས་སུ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་ལོ་ལྔ་ཚན་འཆར་གཞི་བཅུ་གཉིས་པའི་མ་འོངས་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས།  །


འབྲེལ་ཡོད་འོས་སྦྱོར།