logo

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས2010ལོར་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པ།

རྩོམ་པ་པོ།: མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དྲ་བ། དུས་ཚོད།:2011-01-10 ཀློག་གྲངས།:


2010ལོའི་ལོ་མཇུག་སྤྱི་བསྡོམས་འགོ་བརྩམས་པ།

  2010ལོའི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོར།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས2010ལོའི་ཕྱོགས་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་གཟབ་རྒྱས་ངང་འཚོགས།  ཡོན་ཀྲང་གཞོན་པ་དོན་འགྲུབ་ཀྱིས་ཚོགས་འདུར་འགོ་འཛིན་མཛད།  ཏང་ཨུ་ཧྲུའུ་ཅི་ཆོས་སྐྱོང་གིས2010ལོར་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ཁྱབ་བསྒྲགས་བྱས་པ་མ་ཟད།  དེ་དག་གི་བྱ་བའི་སྙིང་སྟོབས་དང་སྤོབས་པར་ཆེད་དུ་བསྟོད་པ་བྱས།  སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ་མཁན་གྱི་ཚན་ཁག་ནི་ཕོ་རྒྱུ་ཚན་ཁག་དང༌།  སྤྱི་གཉེར་ཚན་ཁག་ཡིན་ལ།  ཁྱད་པར་བཅོས་ཐབས་འཛུགས་སྐྲུན་སྔོན་ཐོན་ཚན་ཁག་ནི་སྨན་ལུམས་ཚན་ཁག་ཡིན།  སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་མཁན་ནི་ལྷ་མོ་ཡག་སོགས་མི22ཡོད། སྨན་པའི་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྣ་ནི་སྨན་པ་པད་མ་ཡིན།  ཀུན་སྤྱོད་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་ནི་ཟླ་བ་སྒྲོལ་མ་ཡིན།


2010ལོའི་ལོ་མཇུག་སྤྱི་བསྡོམས་བྱེད་པ།

  ཡོན་ཀྲང་གཞོན་པ་ཀླུ་བྱམས་རྒྱལ་གྱིས་སྨན་ཁང་གི2010ལོའི་བྱ་བར་ཕྱོགས་བསྡོམས་དང2011ལོའི་བྱ་བའི་འོས་འགན་གསལ་བསྒྲགས་བྱས།  ད་དུང་རང་སྨན་ཁང་གིས་བཅུ་གཅིག་ལྔའི་གྲུབ་འབྲས་ཕྱིར་བལྟོས་དང་བཅུ་གཉིས་ལྔའི་འཕེལ་རྒྱས་ལམ་ཕྱོགས་བཏོན།  ཁོས་རྒྱལ་ཡོངས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་དང་བསྟུན་ནས་རང་སྨན་ཁང་གི་ལེགས་ཆ་དང་ཞན་ཆ།  རྗེས་ཕྱོགས་ཀྱི་བྱ་བའི་གཙོ་གནད་དང་འཕེལ་རྒྱས་ཁ་ཕྱོགས་སོགས་གཏིང་ཟབ་པའི་དབྱེ་ཞིབ་དང་དཔྱད་པ་བྱས།


སྨན་པ་ཡོངས་ལྷན་དུ་པར་བསྐྱོན་པ། 

  ཨ་ཁུ་ཉི་མས་སྨན་ཁང་གི་ལས་བཟོ་བ་ཡོངས་ལ་བོད་སྨན་ཁང་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཕྱོགས་ཀྱི་སློབ་སྟོན་གནང་བ་དང༌། ལྷག་པར་ཏུ་སྨན་རྩ་འཐུ་བའི་དུས་ཚུགས་སོགས་གསལ་བོར་ཕྱེ་ན་སྨན་ནུས་འབྱུང་བར་ཕན་ཐོགས་ཡོད་པ་དང༌།  སྨན་ལུམས་འཕེལ་རྒྱས་ལ་ཤུགས་སྣོན་དགོས་པ།  ད་དུང་ན་གཞོན་སྨན་པ་དག་གིས་དུས་རྒྱུན་གཞུང་ལུགས་ལ་བལྟ་དགོས་པ་སོགས་ཀྱིས་སློབ་སྟོན་སྙིང་ཉེ་བ་ཞུས།

 

 

 
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ། 

  ཚེས31ཉིན་གྱི་ཕྱི་དྲོར།  དགའ་སྤྲོ་ངང་ནས་ལོ་གསར་གྱི་རིག་རྩལ་དགོང་ཚོགས་འཁྲབ་སྟོན་གྱི་འགོ་བརྩམས་ཤིང་།  ཡོན་ཀྲང་གཞོན་པ་སངས་རྒྱས་ཀྱི་ལོ་གསར་བའི་ཤིས་ཚིག་བརྗོད་པ་དང་ལྷན་ཅིག་སྨན་ཁང་གི་ལས་བཟོ་བའི་འཁྲབ་སྟོན་བའི་རིག་རྩལ་དངོས་སུ་འཁྲབ། 

 

 

འབྲེལ་ཡོད་འོས་སྦྱོར།