logo

མཚོ་ནུབ་བརྙན་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་དངོས་སུ་ཚོད་གཏོང་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:བསོད་རྡོ། དོན་འགྲུབ་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-07 ཀློག་གྲངས།:

    ཏང་དང་སྲིད་གཞུང་དང་བོད་རིགས་མང་ཚོགས་བར་གྱི་འབྲེལ་འདྲིས་སྔར་ལས་ལྷག་པར་ཇེ་ཟབ་དུ་གཏོང་བ་དང༌། མང་ཚོགས་ཀྱི་སེམས་པའི་རིག་གནས་ཕུམ་ཚོགས་སུ་བཏང་སྟེ། མང་ཚོགས་ཀྱི་འདུ་ཤེས་ལེགས་བསྒྱུར་དང་མིག་རྒྱ་ཆེ་རུ་བསྐྱེད་པར། 2010ལོའི་ཟླ10བའི་ནང་མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་ནུབ་བརྙན་འཕྲིན་ཁང་བོད་བརྙན་འཕྲིན་གྱི་ལེ་ཚན་དང་སོག་སྐད་ལེ་ཚན་དངོས་སུ་བཏང་ཆོག་པའི་ཆོག་མཆན་ཐོབ་འོག   ལོ་དེའི་ཟླ་མཇུག་ནས་བཟུང་སྟེ་བོད་སྐད་བརྙན་འཕྲིན་གྱི་རྩོམ་སྒྲིག་པའི་མི་སྣ་ཁ་ཚང་བསྡུ་བ་དང༌།  དུས་མཚུངས་སུ་དེང་རབས་སྤུས་ལེགས་བརྙན་འཕྲིན་སྒྲིག་ཆས་གང་མང་སུས་འཇོན་དེ་འགུག་གི་བྱ་བའི་གོ་རིམ་ཞིབ་ཚགས་ལྡན་པ་བསྒྲུབ།   
  ཟླ་བ9རིང་གི་འབད་བརྩོན་ལྷོད་མེད་ཀྱིས་གྲ་སྒྲིག་བྱས་པ་བརྒྱུད།   བོད་སྐད་རྩོམ་སྒྲིག་པའི་དཔུང་སྡེ་གསོ་སྦྱོང་བྱས་ཤིང༌། སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ནས་ཐེངས་དུ་མར་ཚོད་ལྟ་དང་གནད་དོན་ཐག་གཅོད་བྱས་འོག  སྒྲིག་སྦྱོར་དང༌།  གྲོག་འོད།  བརྙན་ལེན་འཕྲུལ་ཆས། སྙན་སྒྲོན་དང་སྒྲ་ལེན་པ་སོགས་ཀྱི་ཐད་ནས་གནད་དོན་མེད་པར་བདེ་བརླག་ངང་བཀོལ་སྤྱོད་བྱེད་ཐུབ་པ་བྱུང༌། ཐུན་མོང་གིས་འབད་བརྩོན་འོག  2011ལོའི་ཟླ1པོའི་ཚེས4ཉིན། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་སུ་མཚོ་ནུབ་བརྙན་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་དངོས་སུ་གཏོང་འགོ་བརྩམས།  མཚོ་ནུབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་དང་བོད་རིགས་གཙོ་བོ་ཡིན་པའི་རང་སྐྱོང་ཁུལ་གཅིག་པུ་ཡིན།མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས། 
  ལེ་ཚན་བཀོད་སྒྲིག་ཐད་ནས་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པ། གཟའ་པ་སངས་བཅས་ལ་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་གཏོང་རྒྱུ་ཡིན་པ་དང༌། གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་བོད་སྐད་བརྙན་འཕྲིན་གྱི་སྐར་མ10རིང་གི་《མཚོ་ནུབ་གསར་འགྱུར་》དང་སྐར་མ5རིང་གི《ཚྭ་འདམ་གླུ་གར་》། སྐར་མ5རིང་གི《ཞིང་ཕྱུགས་སྐར་ཁུང་》བཅས་སྡོམ་པས་དུས་ཚོད་སྐར་མ20རིང་གི་ལེ་ཚན་གཏོང་རྒྱུ་རེད།
  མཚོ་ནུབ་བརྙན་ཁང་གི་བོད་སྐད་དང་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་གཏོང་མགོ་བརྩམ་པ་འདིས། མཚོ་ནུབ་བརྙན་འཕྲིན་ཁང་ལ་བོད་སྐད་དང་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐང་བ་མ་ཟད།ལོ་རྒྱུས་གྱི་དོན་སྙིང་གལ་ཆེན་ལྡན་ལ། སོག་རིགས་དང་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་གར་སྟེགས་ཞིག་སྐྲུན་པ་དང་མཚོ་ནུབ་སོག་རིགས་ དང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་རིག་གནས་གྱི་བྱ་བ་སྐས་རིམ་གསར་བ་ཞིག་ལ་སླེབས་པ་མཚོན།


འབྲེལ་ཡོད་འོས་སྦྱོར།