logo

ལམ་བཟང་སྐད་ཡིག་སློབ་གྲྭའི་རེ་བའི་འོད་མདངས་ཞེས་པའི་ལོ་གསར་དགའ་སྟོན་རོལ་ཚོགས།

རྩོམ་པ་པོ།:གཡུལ་རྒྱལ། ཡོང་ཁུངས།:ཆོས་གྲོགས་དྲ་བ། དུས་ཚོད།:2011-01-03 ཀློག་གྲངས།:


འཁྲབ་སྟོན་བྱེད་བཞིན་པ། 

  2011ལོའི་ལོ་གསར་ཚེས1ཉིན།  ལམ་བཟང་སྐད་ཡིག་སློབ་གྲྭའི་རེ་བའི་འོད་མདངས་ཞེས་པའི་ལོ་གསར་དགའ་སྟོན་རོལ་ཚོགས་འདི་ལྷ་ས་སློབ་འབྲིང་ལྔ་པའི་རིག་རྩལ་ཚོགས་ཁང་དུ་དགའ་སྤྲོའི་ངང་འགོ་ཚུགས་གནང་བ་དང་།  ཐེངས་འདིའི་དགའ་སྟོན་རོལ་ཚོགས་ནི་སློབ་མ་ཚོའི་སྒྱུ་རྩལ་གོང་མཐོར་དམིགས་ཏེ་ལམ་བཟང་སྐད་ཡིག་སློབ་གྲྭས་གཙོ་སྐྱོང་གནང་ཞིང་།   ཚོགས་ཞུགས་ཁོངས་སུ་ལྷ་ས་ཁུལ་གྱི་སློབ་ཆུང་དང་།  སློབ་འབྲིང་།   མཐོ་འབྲིང་བཅས་ཀྱི་སློབ་མ1300ཙམ་དང་ཁྱིམ་བདག་མཉམ་བཞུགས་བྱས་པ་རེད།


འཁྲབ་སྟོན་བྱེད་བཞིན་པ།

  དགའ་སྟོན་ཐོག་སློབ་མ་རང་རང་གི་གཞས་དང་། ཞབས་བྲོ།   དབྱིན་སྐད་ཀྱི་སྙན་ངག་གྱེར་ཀློག  དེ་བཞིན་མི་རིགས་ཀྱི་ཆས་གོས་འདྲ་མིན་གྱི་གྱོན་ཆས་འཁྲབ་སྟོན(模特)སོགས་ཀྱི་ལེ་ཚན17ཡོད་པའི་བྱེད་སྒོ་སྤེལ་ནས་ལོ་གསར་པའི་དགའ་སྟོན་སྲུང་བརྩི་ཞུས་པ་དང་།  ད་དུང་དགའ་སྟོན་འདིའི་ཐོག་དམིགས་བསལ་གདན་ཞུས་གཞས་པ་རྡོ་བསྟན་པ་དར་རྒྱས་ཀྱིས་སློབ་མ་ཚོར་ལོ་གསར་གྱི་འཚམས་འདྲི་དང་སྙན་འཇེབས་ལྡན་པའི་གླུ་དབྱངས་ཕུལ་ནས་བྱེད་སྒོ་འདི་ཉིད་སྔར་བས་འཁྲུག་ཆ་དོད་པར་གྱུར་ནས་དུས་ཡུན་ཆུ་ཚོད་གཉིས་ལྷག་གི་རྗེས་དགའ་སྟོན་ཡོངས་སུ་ལེགས་གྲུབ་བྱུང་སོང་།


འབྲེལ་ཡོད་འོས་སྦྱོར།