མཚོ་སྔོན་གྱི་དམངས་ཁྲོད་ལོ་སར་དགོང་ཚོགས་ཁྲི་ཀ་རུ་ཚོགས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-12-28
ཀློག་གྲངས།:

དགོང་ཚོགས་ཀྱི་རྣམ་པ།
2010ལོའི་ཟླ12བའི་ཚེས25ཉིན། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་ཁྲི་ཀ་རྫོང་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་པའི་དམངས་ཁྲོད་ལོ་སར་དགོང་ཚོགས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་སྲིན་པོ་གླིང་ཀ་རུ་ཚོགས་ཤིང་། གླུ་བ་བསམ་ཁོ་དང་། སྒྲོལ་མ་སྐྱབས། སྒྲོལ་མ་མཚོ་སོགས་ཆེད་དུ་དགོང་ཚོགས་ལ་གདན་འདྲེན་ཞུ་ཡོད་པ་རེད།

གླུ་བ་བསམ་ཁོ།
དགོང་ཚོགས་སུ་གླུ་བ་བསམ་ཁོ་ཡིས་ཆེད་དུ་བཟོ་བཀོད་བྱས་ཤིང་བོད་པའི་ཁྱད་ཆོས་འབུར་དུ་ཐོན་པའི་བྲོ་ལྭ་གྱོན་ཏེ་གར་སྟེགས་སུ་གླུ་གར་གྱི་སྟངས་སྟབས་ལ་བསྒྱུར་པས་གཟིགས་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ལྷན་རྒྱས་ཀྱི་དགའ་བསུའི་མཐེབ་སྒྲ་ལས་གླུ་བ་བསམ་ཁོའི་སྙན་གྲགས་ཀྱི་བ་དན་དགུང་དུ་སྐྱོད་བཞིན་པ་ཤེས་ཐུབ།
འབྲེལ་ཡོད་འོས་སྦྱོར།
