logo

《ཡུལ་ཤུལ་གྱི་འབྲོག་ཁྱི》ཞེས་པའི་གླུ་གཞས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-27 ཀློག་གྲངས།:


གླུ་མ་ཨ་ལེ་མ།


ཡུལ་ཤུལ་གྱི་གཅེས་ནོར་འབྲོག་ཁྱི།

              2010ལོའི་ཟླ12ནང་། 《ཡུལ་ཤུལ་གྱི་འབྲོག་ཁྱི》ཞེས་པའི་གླུ་གཞས་འགྲེམ་སྤེལ་བྱས་པ་རེད།   རིན་གངས་ཀྱིས་ཚིག་བརྩམས་པ་དང་ཆིའུ་ལེ་གར་གྱིས་དབྱངས་བརྩམས་ཏེ།  གླུ་མ་ཨ་ལེ་མ་ཡིས་དབྱངས་ཀྱི་འགྱུར་ཁུག་ལ་དྲངས་ནས་ཚང་མའི་སྙན་ལམ་དུ་སྒྲོན། འདི་ལས་ཡུལ་ཤུལ་གྱི་འབྲོག་ཁྱི་བརྗོད་བྱ་རུ་བཟུང་སྟེ་སྲོག་ཆགས་ཀྱི་ངོས་ནས་ཡུལ་ཤུལ་ལ་བཅིངས་བའི་བརྩེ་སེམས་བརྗོད་ཅིང་།  མི་དང་སྲོག་ཆགས་དང་།  མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དམ་པོ་ལས་ཚང་མས་ལག་རྡང་མཉམ་སྦྲེལ་སྒོས་འཆམ་མཐུན་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རེ་འདུན་མཚོན་པར་བྱས།  
              གླུ་གཞས་འདིའི་ཡོངས་ཁུངས་ནི་ཡུལ་ཤུལ་ས་འགུལ་རྗེས་ཀྱི་དོན་དངོས་ཞིག་ལས་འཕྲོས་པ་ཡིན་ཏེ། དངོས་སུ་མཐོང་བའི་འབྲོག་ཁྱི་ཞིག་རང་གི་ཁྱིམ་མི་ཐམས་ཅད་རང་དང་གཏན་དུ་ཁ་བྲལ་ནའང་ད་དུང་ཅི་ཡང་མེད་པའི་ཁྱིམ་ཤུལ་དེ་སྲུང་བཞིན་ཡོད་པའི་རྣམ་པ་འདིས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འགུག་པར་བྱས་སྟབས། ཚིག་རྩོམ་མཁན་རིན་གངས་ཀྱིས་ཀྱང་དུང་སེམས་དང་ཚོར་སྣང་ཟབ་མོ་ཞིག་གིས་གཞས་འདི་བརྩམས་པར་བཤད། 


འབྲེལ་ཡོད་འོས་སྦྱོར།