ཕུར་བ་སྐྱབས་ཀྱིས་བརྙན་འཕྲིན་ཟློས་གར《སྟོང་ཁམས་ཨང་ལྔ་བའི》མི་སྣ་གཙོ་བོ་འཁྲབ་ཡོད་པ།

བརྙན་འཕྲིན་ཟློས་གར《སྟོང་ཁམས་ཨང་ལྔ་བ》།
ཟླ12བའི་ཚེས23ཉིན། འཇོ་བག་ཅན་གྱི་བརྙན་འཕྲིན་ཟློས་གར《སྟོང་ཁམས་ཨང་ལྔ་བ》ཞེས་པའི་ཐོག་མའི་འགྲེམ་སྟོན་མཛད་སྒོ་སྤེལ་ཞིང་། བརྙན་འཕྲིན་ཟློས་གར་འདིའི་མི་སྣ་གཙོ་བོ་འཁྲབ་མཁན་བོད་པའི་སྟག་ཤར་ཕུར་བ་སྐྱབས་ཉིད་འཇོ་སྒེག་དོད་པོའི་སྟངས་སྟབས་ཀྱིས་མཛད་སྒོ་འདིར་ཞུགས། ཁོང་གིས་བརྡ་ཁྱབ་ཁྲོད་ཀྱི་བཟོ་སྟ་དེ་ནི་ཐང་མའོ·ཁེ་ལོ་ཟི་ལ་ལད་བཟློས་བྱས་པ་ཡིན་ཞེས་བཤད། བརྙན་འཕྲིན་ཟློས་གར་འདིར་ཀྲུང་གོའི་རྐང་དམག་མཁའ་འགྲིམ་པའི་མཛད་རྗེས་རྒྱབ་ལྗོངས་བྱས་ཤིང་། ལོ་རབས་བརྒྱད་ཅུ་རྗེས་ཀྱི་ན་གཞོན་མཁའ་སྐྱོད་པ་དག་གི་འཚར་ལོངས་ཀྱི་གཏམ་རྒྱུད་དང་ལང་ཚོའི་དཔལ་ཡོན། ཉམས་མེད་ཀྱི་བློ་སྟོབས་ལ་སོགས་གཅིག་བསྡུས་བྱས་འདུག ཟླ12པའི་ཚེས29ཉིན་ཀྲུང་དབྱང་བརྙན་འཕྲིན་སྐུད་ལམ་བརྒྱད་པ་ནས་ཀུན་གྱི་གཟིགས་མོར་འབུལ་རྒྱུ་རེད།

བརྙན་འཕྲིན་ཟློས་གར《སྟོང་ཁམས་ཨང་ལྔ་བ》ནང་གི་ཕུར་བ་སྐྱབས།
ཕུར་བ་སྐྱབས་ཀྱིས་མི་སྣ་གཙོ་བོ་ཅང་ཏིག་ཅེས་པ་ཞིག་འཁྲབ་ཡོད་པ་སྟེ། གསོ་རིག་སློབ་ཆེན་ནས་རྐང་དམག་མཁའ་འགྲིམ་སློབ་གླིང་དུ་བསྡུས་པའི་སྐྱེས་སྟོབས་ཀྱི་ཤེས་རབ་འཛོམས་པའི་མཁའ་སྐྱོད་པ་ཞིག་ཡིན་པ་དང་། པྲ་ཚགས་ཀྱི་ཁོང་གིས་རྒྱུན་དུ་རྙོག་དྲ་ཚ་བོ་བཟོ་བའི་སྣང་བརྙན་ཞིག་བཞེངས་ཡོད་པ་རེད། ཕུར་བ་སྐྱབས་ཀྱིས་མཁའ་འགྲིམ་པའི་བཟོ་ལྟ་དང་ཉམས་སྣང་ལེགས་པོ་འཁྱོངས་ཆེད། ཧོ་ལེར་ཝའོ་གློག་བརྙན་གྲགས་ཅན《བླ་མེད་སྙིང་སྟོབས》ཞེས་པ་དཔེ་ལྟའི་བསླབ་གཞི་རུ་བཟུང་བ་དང་། ཐ་ན་ཐང་མའོ·ཁེ་ལོ་ཟི་གནམ་གྲུ་ལས་འབབ་སྟངས་ཀྱི་ཉམས་འགྱུར་ལའང་ཞིབ་ལྟ་ནན་མོ་བྱས་ཡོད་པར་བཤད།
