logo

མཚོ་ནུབ་བརྙན་འཕྲིན་ཁང་གི་བོད་སྐད་དང་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་གཏོང་མགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ།:དོན་འགྲུབ་ཚེ་རིང་། ཡོང་ཁུངས།: མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-24 ཀློག་གྲངས།:


མཚོ་ནུབ་བརྙན་འཕྲིན་ཁང་གི་གསར་འགྱུར་ལེ་ཚན།

              ཟླ་དགུའི་རིང་གི་འབད་བརྩོན་ལྷོད་མེད་ཀྱིས་གྲ་སྒྲིག་བྱས་པ་བརྒྱུད།   2011ལོའི་ཟླ1ཚེས1ཉིན།མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་ནས་མཚོ་ནུབ་བརྙན་འཕྲིན་ཁང་གི་བོད་སྐད་དང་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་དངོས་སུ་གཏོང་མགོ་རྩོམ་རྒྱུ་རེད།


མཚོ་ནུབ་བརྙན་འཕྲིན་ཁང་གི་གསར་འགྱུར་སྙན་སྒྲོན་པ།

              མཚོ་ནུབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་དང་བོད་རིགས་གཙོ་བོ་ཡིན་པའི་རང་སྐྱོང་ཁུལ་གཅིག་པུ་ཡིན།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་བྱ་བར་གདེངས་འཇོག་ཚད་མཐོན་པོ་བྱས།


མཚོ་ནུབ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས།

              གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པ། གཟའ་པ་སངས་བཅས་ལ་སོག་སྐད་བརྙན་འཕྲིན་གྱི་ལེ་ཚན་གཏོང་རྒྱུ་ཡིན་པ་དང༌། གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་བོད་སྐད་བརྙན་འཕྲིན་གྱི་སྐར་མ་བཅུའི་རིང་གི་《མཚོ་ནུབ་གསར་འགྱུར་》དང་། སྐར་མ་ལྔའི་རིང་གི《ཚྭ་འདམ་གླུ་གར》།  སྐར་མ་ལྔའི་རིང་གི《ཞིང་ཕྱུགས་སྐར་ཁུང་》བཅས་ཀྱི་ལེ་ཚན་གཏོང་རྒྱུ་རེད།


ལས་ལ་བརྩོན་བཞིན་པ།

              མཚོ་ནུབ་བརྙན་ཁང་གི་སོག་སྐད་དང་བོད་སྐད་བརྙན་འཕྲིན་གྱིས་ལེ་ཚན་གཏོང་མགོ་བརྩམ་པ་འདིས། མཚོ་ནུབ་བརྙན་འཕྲིན་ཁང་ལ་སོག་སྐད་དང་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐང་བ་མ་ཟད། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ལ། སོག་རིགས་དང་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་གར་སྟེགས་ཞིག་སྐྲུན་པ་དང་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་རིག་གནས་གྱི་བྱ་བ་ཐེམ་སྐས་གསར་བ་ཞིག་ལ་སླེབས་པ་མཚོན།


འབྲེལ་ཡོད་འོས་སྦྱོར།