མཚོ་སྔོན་བརྙན་འཕྲིན་ཁང་གི2011ལོའི་ལོ་གསར་དགོང་ཚོགས་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།
དགོང་ཚོགས་ཀྱི་འགོ་འཛིན་པ།
ཟླ12བའི་ཚེས17ཉིན། མཚོ་སྔོན་བརྙན་འཕྲིན་ཁང་གི2011ལོའི་ལོ་གསར་དགོང་ཚོགས་ཀྱི་ཕབ་སྐྲུན་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། དགོང་ཚོགས་ལ་བོད་ཆོལ་ཁ་ཡོངས་ཀྱི་རིག་རྩལ27ལྷག་འདུས་པ་དང་། གླུ་གཞས་དང་ཞབས་བྲོ། ཁ་ཤགས། ཆང་གཞས། ཨ་རྩེད་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་རྣམ་པ་ལས་གསོན་ཉམས་ལྡན་པའི་དགོང་ཚོགས་ཀྱི་སྤྲོ་བ་སྐྱེད་པ་རེད།
ཡོས་བུ་དཀར་པོས་ལོ་གསར་བསུ་བ།
རྒྱལ་ཡོངས་སྲིད་གྲོས་སློབ་སྦྱོང་དང་རྩོམ་རིག་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་སངས་རྒྱས་སྐྱབས་དང་། མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ཅི་ཏེ་མཱ་ཅཱ། མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་དབང་མོ། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཡུས་མགོན་པོ། ཞིང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་འགོ་གཙོ་གཞོན་པ་ཝང་ཤང་མིན། ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་གྲུག་ཤན་ཨན་དང་འགོ་གཙོ་གཞོན་པའམ་མཚོ་སྔོན་བརྙན་འཕྲིན་ཁང་གི་འགོ་གཙོ་ཅིན་ཧིག་ཆིན་སོགས་འགོ་ཁྲིད་རྣམས་དགུང་ཚོགས་ལ་གདན་ཞུ་བྱས།
འཇམ་དབྱངས་སྒྲོལ་མས་གླུ་དབྱངས་ཕུལ་པ།
ཨ་མདོ་བུ་མོའི་བྲོ་གར།
སྙན་གྲགས་རྒྱས་པའི་བོད་ལྗོངས་གླུ་མ་པ་སངས་དང་། བདེ་ཆེན་དབང་མོ་དང་། མདོ་བ་ཚེ་སྐྱིད། འཇམ་དབྱངས་སྒྲོལ་མ། རྡོ་རྗེ་ཕུན་ཚོགས། སམ་བྷོ་ཊ་ཚན་སྡེབ། མཐོ་སྒང་བུ་མོ་སྤུན་གསུམ། སྨན་བླ་སྐྱབས་སོགས་ཀྱི་གསོན་ཉམས་ལྡན་པའི་བྲོ་གཞས་དང་སྒྱུ་རྩལ་གྱིས་གཟིགས་མོ་བ་རྣམས་ལ་སྤྲོ་སྐྱིད་ཀྱི་སྣང་བ་སྦྱིན་ཞིང་། 2011ལོའི་ལོ་གསར་དགོང་ཚོགས་ལ་དུས་རབས་གསར་བའི་འགྱུར་ཁུག་སྐྲུན་པ་རེད།
སྨན་བླ་སྐྱབས་ཀྱི་ཁ་ཤགས།
སྔར་མའི་ལོ་ལྟར་མདོ་དབུས་ཁམས་གསུམ་གྱི་འགོ་འཛིན་པ་རྣམས་ཀྱིས་ལྷན་དུ་དགོང་ཚོགས་ལ་འགོ་འཛིན་མཛད་ཅིང་། བོད་སྐད་ལས་གཞན་ད་དུང་རྒྱ་སྐད་དང་དབྱིན་སྐད་གཉིས་ཀྱི་ལམ་ནས་ཀྱང་སྐུ་མགྲོན་རྣམས་ལ་དགོང་ཚོགས་ཀྱི་རིག་རྩལ་རེ་རེ་ངོ་སྤྲོད་བྱས།
མཐོ་སྒང་བུ་མོ་སྤུན་གསུམ་གྱིས་གཞས་ཕུལ་པ།
དགོང་ཚོགས་མཇུག་སྒྲིལ་བའི་རྣམ་པ།
དགོང་ཚོགས་ལས་ད་དུང་ཡུལ་ཤུལ་ས་འགུལ་དང་འབྲུག་ཆུའི་འདམ་རུད་ཀྱི་གོད་ཆགས་སོགས་བྱུང་བའི་བརྗོད་དོན་སྤེལ་ཞིང་། དེ་ལས་མི་རྣམས་ལ་རང་བྱུང་ཁམས་དང་མིའི་བར་དང་། མི་དང་མིའི་བར་གྱི་འབྲེལ་བའི་ཕྱོགས་ལ་ཇི་ལྟར་བསམ་གཞིགས་གཏོང་བར་གོ་བསྐོན་བློ་འགུག་གི་ཡིད་འགྱུར་ཐེབས་སུ་བཅུག་པ་རེད།