logo

ལྷ་མོའི་ཟློས་གར་བཙུགས་ནས་ལོ་འཁོར50ལོན་པའི་དགའ་སྟོན་སྤེལ་རྩིས་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-22 ཀློག་གྲངས།:


ལྷ་མོ་ཟློས་གར་གྱི་སྒྱུ་རྩལ་ལྟེ་གནས།

  བོད་ལྗོངས་ལྷ་མོའི་ཟློས་གར་ཚོགས་པ་ནི་ཆེས་ཐོག་མ་བཙུགས་པའི་རིག་རྩལ་ཚོགས་པའི་རིགས་ཤིག་ཡིན་ལ། ཧ་ལམ་ཟླ12པའི་ཟླ་མཇུག་ཏུ་ཚོགས་པ་འདི་བཙུགས་ནས་ལོ་འཁོར50 ལོན་པའི་དགའ་སྟོན་རྟེན་འབྲེལ་བྱེད་རྩིས་ཡོད་པ་སྟེ། འཁྲབ་སྟོན་པ་ཚོས་གཟབ་ནན་སྒོས་ཟློས་གར་འཁྲབ་སྦྱོང་བྱས་ཏེ་སྟ་གོན་བྱེད་བཞིན་ཡོད་པ་རེད། 
  ཏག་ཏག་ཆོས་ལུགས་དུས་ཆེན་དང་དམངས་ཁྲོད་སྟོན་མོ་སོགས་ཀྱི་མཛད་སྒོ་སྟེང་དུ་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་ཅིང་། ཟློས་གར་གྱི་ཁ་དོག་སྣ་ཚོགས་ལྡན་པའི་གྱོན་ཆས་དང་དབྱིབས་གཟུགས་མང་བའི་ཞལ་འབག་སོགས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན།  
  ལྷ་མོའི་ཟློས་གར་ལ་ལོ་ངོ600ལྷག་གི་ལོ་རྒྱུས་ཡོད་ཅིང་།  གླུ་གཞས་སོགས་འཁྲབ་སྟོན་གྱི་རྣམ་པར་བརྒྱུད་དེ་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱི་ནང་དོན་མཚོན་པར་བྱེད་ལ།  སྒྱུ་རྩལ་རིགས་ལ་ཧ་ཅང་སྣ་མང་རང་བཞིན་དང་ཚད་ལྡན་རང་བཞིན་ལྡན་པ་རེད།   དེ་ཡང་ཆོས་ལུགས་ཀྱི་བརྗོད་བྱ་གཙོར་བཟུང་ཞིང་།    ནང་ལོག་དང་རྒྱ་གར་གྱི་ཤུགས་རྐྱེན་ཡང་ཐེབས་ཡོད་པར་བཤད།  


འབྲེལ་ཡོད་འོས་སྦྱོར།