2010ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་གཞག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་།
རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་གལ་ཆེན་རང་བཞིན་ནམ་ཁོར་ཡུག་བཙོག་བསྒྱུར་གྱི་ཚབས་ཆེན་རང་བཞིན་ལ་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་ཡང་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་ལེགས་བཅོས་བྱེད་ཆེད། 2005ལོར། རང་རྒྱལ་གོང་རིམ་སྲིད་གཞུང་གིས་ཡུལ་ཤུལ་དང་མགོ་ལོག་སོགས་ས་ཁྱོན་སྤྱི་ལེ་བགྲུ་བཞི་མ150000ལྷག་ལ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལ་མ་དངུལ་དུང་ཕྱུར75བཏང་ཞིང་། རྒྱུས་ལོན་བྱས་པ་ལྟར་ན། ལས་གཞི་འདིའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར། མཚོ་སྔོན་ཞིང་ཆེན་གྱིས2010ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ལ་ཡར་སྐུལ་བྱས་ཏེ། གང་ནུས་ཀྱིས་མ་དངུལ་སྒོར་དུང་ཕྱུར12ལྷག་བརྩོན་ལེན་བྱས་པ་དེས་སྔར་གྱི་ལོ་ལྔའི་ལོ་རེའི་ཆ་སྙོམས་མ་དངུལ་གྱི་ལྡབ་གཅིག་ཟིན་པ་རེད།
དཀའ་ངལ་ཁྱད་བསད་དང་འབད་པ་གང་ལེགས་བྱས་མཐར། མཚོ་སྔོན་ཞིང་ཆེན་གྱིས2010ལོའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིའི་སྲུང་སྐྱོབ་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།