logo

ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཁོར་ཡུག་ལ་སྲུབ་སྐྱོབ་བྱེད་ཚུལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-20 ཀློག་གྲངས།:

              ཚང་མས་ཤེས་གསལ་ལྟར།  ཁོར་ཡུག་སྲུང་སྐྱོབ་ནི་འཛམ་གླིང་ཡོངས་ཀྱི་ངོས་ནས་གནས་ཚུལ་ཛ་དྲག་ཏུ་གྱུར་ཡོད་པའི་སྣང་ཚུལ་རིགས་ཤིག་ཡིན་པ་དང་།  མི་གང་མང་ཞིག་ལ་རང་སྒེར་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དྲག་ནའང་།  རྩ་འཛུགས་དང་སྒྲིག་སྲོལ་སོགས་ལ་བརྒྱུད་ན་ད་གཟོད་སྲ་བརྟན་དང་རྒྱུན་རིང་དུ་གནས་ཐུབ་ཀྱི་ཡོད་པ་རེད།   དེར་བརྟེན།  2010ལོའི་ཟླ11པའི་ཟླ་དཀྱིལ་ནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྱིག་ཁུག་བཀོལ་སྤྱོད་བྱེད་འགོ་བརྩམས་པ་རེད།


མིག་སྔར་སྤྱོད་བཞིན་པའི་ཟས་རིགས་འགྱིག་ཁུག

              དེ་ཡང་གཙོ་བོ་མིག་སྔར་སྤྱོད་བཞིན་པའི་འགྱིག་ཁུག་གི་བོངས་ཅུང་ཆེ་རུ་ཕྱིན་ཡོད་པ་དང་།  སྔོན་མ་ལྟར་ཐེངས་གཅིག་ཅན་བཀོལ་སྤྱོད་ལྟ་བུ་མིན་པར་རྒྱུན་རིང་གིས་སྤྱོད་ཆོག་ཅིང་། རིན་གོང་ཀྱང་སྔར་དང་བསྡུར་ན་ཅུང་འཕར་ཡོད་སྟབས་སློབ་མ་རྣམས་ཀྱིས་གང་འདོད་ངང་འགྱིག་ཁུག་སྤྱོད་པ་ལ་ཐད་ཀར་ཚོད་འཛིན་བྱས་ཡོད་པ་རེད།


རིན་སྤྲོད་དགོས་པའི་འགྱིག་ཁུག

              སློབ་གྲྭ་ཞིག་གི་ངོས་ནས་འདི་ལྟར་ལག་ལེན་བྱས་པ་ནི་དངོས་གནས་ལེགས་པའི་ཆ་ཆེན་པོ་ལྡན་ཏེ།   རྒྱུ་མཚན་ནི་གཅིག་བྱས་ན་སློབ་གྲྭ་རུ་སློབ་མའམ་མིའི་ཁ་གྲངས་བླ་ལྷག་གིས་མང་བས་གལ་སྲིད་ཁོར་ཡུག་སྲུང་སྐྱོབ་སྣང་མེད་དུ་བཞག་ཚེ་ཁོར་ཡུག་བཙོག་བསྒྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཤིང་།   གཉིས་ན་སློབ་མ་རྣམས་ལ་སློབ་གསོ་ཐེབས་པའི་རྐྱེན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དྲག་ཞིང་རྩ་འཛུགས་བྱེད་སླ་བ་དང་རྒྱུན་རིང་ངེས་རེད།   གསུམ་ན་འདི་ལྟ་བུའི་ལག་ལེན་བརྒྱུད་དེ་མི་གཞན་ལ་གནས་ཁྲིད་སོགས་ཀྱི་བྱེད་ཤུགས་དྲག་པོ་ཐོན་པས་རེད། 


འབྲེལ་ཡོད་འོས་སྦྱོར།