ལོ་རྒྱུས་གླུ་གར་སྙན་ངག་ཆེན་མོ་《འཕོ་འགྱུར་གྱི་ལམ་བུ་》ཞེས་པ་པེ་ཅིང་ནས་འཁྲབ་སྟོན་ལེགས་འགྲུབ་བྱུང་བ།
དཀར་མཛེས་ཁུལ་གྱི་ལོ་རྒྱུས་གླུ་གར་སྙན་ངག་ཆེན་མོ《འཕོ་འགྱུར་གྱི་ལམ་བུ་》ཞེས་པའི་འཁྲབ་ཚན་པར་རིས།
2010 ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60 ལོན་པའི་ལོ་ཡིན་ལ། དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ་བཙུགས་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མ་རེད། དཀར་མཛེས་བོད་ཁུལ་གྱི་མི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་རིགས་སོ་སོའི་ཐུགས་ཁུར་ལ་བཀའ་དྲིན་ཞུ་ཆེད། ཆེད་དུ་པེ་ཅིང་ལ་ཕེབས་ནས་ལོ་རྒྱུས་གླུ་གར་སྙན་ངག་ཆེན་མོ་《འཕོ་འགྱུར་གྱི་ལམ་བུ་》ཞེས་པ་འཁྲབ་སྟོན་བྱས།
གླུ་གཞས་ཟློས་གར་འདི་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུའི་རིང་གི་འཕེལ་འགྱུར་སྲོག་ཤིང་དུ་བྱས་ཤིང་། དྲིན་ལན་གཟོ་རྒྱུ་བརྗོད་བྱར་བཟུང་ནས། མཐུན་སྒྲིལ་དང་འཆམ་མཐུན། འཕེལ་རྒྱས་སོགས་གཙོར་བྱས་ཏེ། གླུ་གར་སྒྱུ་རྩལ་ལ་བརྟེན་ནས་ལོ60 རིང་དུ་དཀར་མཛེས་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་སྙིང་སྟོབས་དང་། ལོ་༦༠ཡི་རིང་དུ་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་བྱུང་ནས་གྲུབ་འབྲས་རླབས་ཆེན་ཐོབ་ཚུལ། མི་དམངས་བཅིངས་འགྲོལ་ཐོབ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཚུལ་དང་། ཡང་མཛེས་སྡུག་ལྡན་པའི་མ་འོངས་པར་རྒྱང་ལྟ་བྱེད་པ་སོགས་མཚོན་ཡོད་པ་རེད། གླུ་གར་དེ་ཡིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཁག་སོ་སོ། རྒྱལ་སའི་རིམ་པ་སོ་སོའི་མང་ཚོགས་བཅས་ལ་བག་ཆགས་ཟབ་མོ་བཞག་སྟེ། ཐོག་མའི་འཁྲབ་སྟོན་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།