logo

《ལམ་དུ་བསྐྱོད་པ》ཞེས་པའི་གློག་བརྙན་ལ་བྱ་དགའ་ཨང་དང་པོ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-09 ཀློག་གྲངས།:


གློག་བརྙན《ལམ་དུ་བསྐྱོད་པ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ།

  ཟླ12པའི་ཚེས3ཉིན།     ཧུའུ་པེ་ཞིང་ཆེན་སློབ་ཆེན་སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་།  ཝུའུ་ཧན་སློབ་ཆེན་གྱི་ན་གཞོན་ཚོགས་པ།   ཝུའུ་ཧན་སློབ་ཆེན་གྱི་ཨུ་ཡོན་ལྷན་ཚོགས།  ཝུའུ་ཧན་རྒྱང་བསྒྲགས་ལས་ཁུངས་བཅས་ཀྱིས་མཉམ་དུ་སྤེལ་པའི་བྱ་འགུལ་ཏེ།   སྐབས་བཞི་བའི་ཧུའུ་པེ་སློབ་ཆེན་སློབ་མའིDVའགྲན་བསྡུར་ཁྲོད། 《ལམ་དུ་བསྐྱོད་པ》ཞེས་པའི་གློག་བརྙན་འདིར་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ།

  ཐེངས་འདིའི་འགྲན་ཞུགས་ཁྲོད་རྒྱལ་ནང་སློབ་ཆེན་གྱི་སློབ་མའི་གློག་བརྙན་ལས་གཞན།  ཧྥ་རན་སི་དང་ཀོ་རི་ཡ་སོགས་ཕྱིའི་རྒྱལ་ཁབ་ཀྱི་འགྲན་ཞུགས་པའི་གློག་བརྙན་ཡང་ཡོད་པ་རེད།  རྒྱུས་ལོན་བྱས་པ་ལྟར་ན།   ཚེས2ཉིན་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་དང་གློག་བརྙན་ནང་གི་སྐྱེས་པའི་འཁྲབ་སྟོན་མི་སྣ་གཙོ་བོ་གཉིས་ལན་དྲུག་ནས་ཝུའུ་ཧན་གྱི་ལམ་ལ་ཆས་ཏེ།   ཕྱི་ཉིན་གྱི་བྱ་དགའ་གནང་བའི་མཛད་སྒོ་ལ་ཞུགས་པ་རེད་ཟེར།
  བྱ་དགའ་གནང་བའི་མཛད་སྒོ་མཇུག་རྫོགས་རྗེས།   ཆ་འཕྲིན་གསར་འགོད་པ་རྣམས་ཀྱིས་གློག་བརྙན《ལམ་དུ་བསྐྱོད་པའི》འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་ལ་བཅར་འདྲི་བྱས་ཤིང་།   བསྟན་འཛིན་ཉི་མས་བཤད་རྒྱུར།   ཐེངས་འདིའི་བྱ་དགའ་ནི་ཞིང་ཆེན་ལས་བརྒལ་བའི་བྱ་དགའ་ཞིག་ཡིན་པ་དང་།    འགྲན་ཞུགས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་ཨང་དང་པོ་ཡིན་སྟབས་དགའ་སྤྲོ་ཚད་མེད་སྐྱེས་ཤིང་།    བྱ་དགའ་འདི་ཐོབ་པར་དགེ་རྒན་སྟག་ལྷ་ཚེ་བརྟན་གྱི་མཛུབ་ཁྲིད་དང་ལྷ་མཚོའི་བརྙན་སྐྲུན་ཚན་པའི་འབད་བརྩོན།   སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད་པས།  སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཟེར།     
  《ལམ་དུ་བསྐྱོད་པ》ཞེས་པའི་གློག་བརྙན་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་དང་།  བོད་རིག་པའི་སློབ་གླིང་གི་སློབ་མ་ཁ་ཤས་ཀྱིས་ད་ལོར་མཚོ་སྔོན་པོ་འགྲམ་རྒྱུད་དུ་ཕབ་སྐྲུན་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།