logo

ཞི་བདེ་ཉི་མའི་གློག་བརྙན་གསར་བ་སྒྲོལ་མའི་སྐེ་རྒྱན་ཞེས་པ་སྒྲིག་སྦྱོར་བྱས་ཚར།

རྩོམ་པ་པོ།: ཧྲེ་ཤུལ་གཡག་རྒོད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-01 ཀློག་གྲངས།:

 

  ཉེ་བའི་སྔོན།  ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་བ་སྒྲོལ་མའི་སྐེ་རྒྱན་ཞེས་པ་དེ་དངོས་སུ་སྒྲིག་སྦྱོར་བྱས་ཚར་བ་རེད།  གློག་བརྙན་དེ་ནི་གངས་ལྷ་མེ་ཏོག་གློག་བརྙན་རིག་རྩལ་ཁྱབ་སྤེལ་མཐུན་གཉེར་ལས་ཁུངས་ཀྱིས་མ་དངུལ་བཏང་བ་དང་སྒྲིག་སྦྱོར་ཚན་ཆུང་གིས་ད་ལོའི་སྟོན་དུས་ནས་བཟུང་མང་རྫོང་དང་།  ཁྲི་ཀ  ཆབ་ཆ། སྐུ་འབུམ་སོགས་སུ་བསྐྱོད་ནས་བརྙན་ལེན་བྱས་ཡོད་པ་རེད།
  གློག་བརྙན་དེས་བོད་ཀྱི་བུ་མོ་སྒྲོལ་མ་ཡིས་སྤྲོ་སྐྱིད་ཀྱི་འཚོ་བར་རེ་སྙེགས་བྱེད་བཞིན་ཡོད་པའི་གཏམ་བརྒྱུད་དེ་མངོན་པར་བརྗོད་ཡོད་པ་རེད།
  རྒྱུས་ལོན་བྱས་པ་ལྟར་ན། གློག་བརྙན་དེ་མདོ་དབུས་ཁམས་སྐད་གསུམ་གྱིས་སྐད་བསྒྱུར་བྱས་ཡོད་པས་མི་ཚད། ད་རུང་རྒྱ་སྐད་དང་དབྱིན་སྐད་ལའང་སྐད་བསྒྱུར་བྱས་ཏེ་མཉམ་གཅིག་ཏུ་ཚོང་རྭར་བཀྲམ་རྩིས་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ཟི་ལིང་ནས་སྟོན་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།