ནང་ཆེན་དཔོན་པོའི་ལོ་རྒྱུས་རྗེས་ཤུལ་འཚོལ་བ།
ནང་ཆེན་དཔོན་ཚང་གིས་སྔོན་ཆད་དབང་དུ་བསྒྱུར་མྱོང་བའི་མཚོ་སྔོན་
ནང་ཆེན་རྫོང་ཤར་མདའ་གྲོང་བརྡལ་གྱི་ད་ལྟའི་རྣམ་པ།
ནང་ཆེན་དཔོན་ཚང་གི་གནས་ཤུལ་དུ། ཚེས་བཅུ་དགོན་པའི་དཀོར་གཉེར་ཆོས་འཕེལ་གྱིས་མཇུག་
མཐའི་ནང་ཆེན་དཔོན་པོའི་ཚ་བོ་ཆེ་བ་བཀྲ་ཤིས་དོན་གྲུབ་ལ་ལོ་རྒྱུས་བཤད་བཞིན་པ།
ཚེས་བཅུ་དགོན་པར་ཡུས་ཧྲུའུ་ས་འགུལ་སྐབས་སུ་གཏོར་ཞིག་ཐེབས་པ།
མཚོ་སྔོན་ཡས་ཧྲུའུ་ནང་ཆེན་དཔོན་ཚང་གིས་སུང་རྒྱལ་རབས་ཀྱི་དུས་ནས་བཟུང་ནང་ཆེན་ས་ཁུལ་དབང་དུ་སྒྱུར་མགོ་བརྩམས། ནང་ཆེན་དཔོན་ཚང་ནི་བོད་ཀྱི་རུས་ཆེན་དྲུག་གི་འབྲི་ཡི་ཁོངས་སུ་གཏོགས་ལ། དོན་དངོས་སུའང་ནང་ཆེན་དཔོན་ཚང་གིས་ཡུས་ཧྲུའུ་ས་ཁུལ་ཡོངས་ཡུན་རིང་བོར་དབང་དུ་བཟུང་། ཧ་ལམ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ། ནང་ཆེན་ས་ཁུལ་དེ་བོད་བཙན་པོའི་དབང་དུ་བསྡུས་ཏེ། བོད་རུ་ཆེན་ལྔའི་གྲས་ཀྱི་རུ་གསུམ་པའི་ཁོངས་སུ་གཏོགས། བོད་རུ་ཆེན་ལྔ་བོ་དེ་སྟོང་དཔོན་བཅུ་རུ་དབྱེ་བ་དང་། ད་ལྟའི་ནང་ཆེན་ས་ཁུལ་དེ་སྟོང་དཔོན་བཅུ་བོའི་ཁོངས་སུ་འདུ་ལ། བོད་བཙན་པོའི་རྒྱལ་རབས་བཙུགས་ཏེ་ལོ་ངོ་ཉིས་བརྒྱའི་རིང་ལ། ནང་ཆེན་དང་བཅས་པའི་ཡུས་ཧྲུའུ་ས་ཁུལ་ནི་བོད་བཙན་པོའི་དུས་ཀྱི་བོད་དམག་དང་དམག་རྟ་བསྡུ་ས་གཙོ་བོའང་རེད།
དད་ལྡན་པས་ཚེས་བཅུ་དགོན་པའི་མཆོད་རྟེན་ལ་སྐོར་བ་རྒྱག་བཞིན་པ།
ནང་ཆེན་དཔོན་ཚང་གི་དཔོན་པོ་དང་པོ་ནས་མཇུག་མཐའི་དཔོན་པོ་བཀྲ་ཤིས་ཚེ་དབང་རྡོ་རྗེ་བར་དུ་བསྡོམས་པས་དཔོན་རབས་དོན་གཅིག་བརྒྱུད་དེ། ཆོས་སྲིད་ཟུང་འབྲེལ་གྱི་དབང་སྒྱུར་ལམ་ལུགས་ལག་བསྟར་བྱས། ཚེས་བཅུ་དགོན་པ་ནི་ནང་ཆེན་དཔོན་ཚང་གི་དགོན་པ་ཡིན་ལ། ནང་ཆེན་དཔོན་པོ་རིམ་བྱུང་ཡང་དགོན་པ་དེའི་དགོན་བདག་བླ་མ་རེད།
ནང་ཆེན་དཔོན་ཚང་གི་ཚེས་བཅུ་དགོན་པ།
མཇུག་མཐའི་ནང་ཆེན་དཔོན་པོ་བཀྲ་ཤིས་ཚེ་དབང་རྡོ་རྗེ་ཡིས་མེས་རྒྱལ་གུང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག ཡུས་ཧྲུའུ་བཅིངས་འགྲོལ་ཐོབ་རྗེས། ཁོས་ཏང་དང་སྲིད་གཞུང་གི་སྲིད་དབང་གསར་བ་སྐྱོང་བར་ཧུར་ཐག་རོགས་འདེགས་བྱས་ཏེ། མི་དམངས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ། ༡༩༥༡ལོ་ནས་༡༩༦༦ལོའི་བར་དུ་ཁོས་སྔ་གཞུག་ཏུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞི་དང་རང་སྐྱོང་ཁུལ་གྱི་ཁུལ་གཙོའི་འགན་ཁུར་ཏེ་ལོ་བཅོ་ལྔ་འགོར།
ད་ལྟ། ཚེས་བཅུ་དགོན་པ་སྔར་ལས་གྲོང་ངེར་འགྱིང་ཡོད་པ་ལས་གཞན། སྔོན་ཆད་ཀྱི་དཔོན་ཚང་གི་ཕོ་བྲང་དེ་སྔ་མོ་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་ནུབ་པ་རེད། ནང་ཆེན་དཔོན་ཚང་གི་རྗེས་རབས་པ་ཚོས་ཀྱང་སྤྱིར་བཏང་གི་མང་ཚོགས་ཀྱི་འཚོ་བ་རོལ་གྱིན་ཡོད་པ་དང་། མཇུག་མཐའི་ནང་ཆེན་དཔོན་པོའི་ཚ་བོ་ཆེ་བ་བཀྲ་ཤིས་དོན་གྲུབ་ནི་ད་ལྟ་ཡུལ་ཤུལ་རྫོང་ར་ཕྱུག་ཞོལ་མ་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་ཆུང་གི་དགེ་རྒན་དཀྱིས་མ་ཞིག་རེད།
ཀླུ་འབུམ་བྱམས་ཀྱིས་ཞིན་ཧྭ་དྲ་ངོས་ལས་བཤུས་ཏེ་བསྒྱུར།