logo

མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་དགའ་སྟོན་རྟེན་འབྲེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-11-26 ཀློག་གྲངས།:
  2010ལོའི་ཟླ11པའི་ཚེས28ཉིན་ནི་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཡིན་ཞིང་།  མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག       ཏག་ཏག་དུས་ཡུན་ལོ་གསུམ་རིང་གི་འབད་བརྩོན་ལས་མཚོ་སྔོན་པོ་དྲ་བ་འདི་བོད་ཀྱི་རིག་གནས་གཙོ་བྱས་པའི་ཁྱབ་ཆུང་བའི་ས་གནས་རང་བཞིན་ནས་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་ཅིང་།     དྲ་གྲོགས་མང་བོའི་སྤྲོ་སེམས་འཁོལ་ཡོད་པ་རེད། 
  མཚོ་སྔོན་པོ་དྲ་བ་འདི་རྩ་འཛུགས་དང་གོང་སྤེལ།  རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བར་བརྒྱུད་རིམ་ངེས་ཅན་ཞིག་གི་ལམ་ལ་ཞུགས་ཡོད་པ་དང་།  དྲ་བ་དཔྱིས་ཕྱིན་པར་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱེད་ཆེད།     གསར་འགྱུར་གྱི་སྤུས་ཚད་དང་རྩོམ་སྒྲིག་ཆུ་ཚད།  ལག་རྩལ་སྤྱོད་སྟངས་སོགས་ཀྱི་ཕྱོགས་སུ་སེམས་ཤུགས་གང་མང་བསྐྱེད་པ་རེད།   
  2007ལོའི་ཟླ11པའི་ཚེས28ཉིན་ནས་བཟུང་མཚོ་སྔོན་པོ་དྲ་བ་འདི་འཕེལ་རྒྱས་ངེས་ཅན་ཕྱིན་ཞིང་།  ད་ལྟ་དྲ་རྒྱ་ཁག་དྲུག་གིས་གྲུབ་ཡོད་དེ། མཚོ་སྔོན་པོ་རྒྱ་ཡིག་དྲ་བ་དང་མཚོ་སྔོན་པོ་བོད་ཡིག་དྲ་བ། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས།   མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། མཚོ་སྔོན་པོ་གླུ་དབྱངས་དྲ་བ།   མཚོ་སྔོན་པོ་རྒྱ་ཡིག་ཟིན་ཕྲན་བཅས་ཡིན་ལ།   2011ལོར་ད་དུང་བརྙན་རིས་དྲ་བ་དང་བོད་ཡིག་ཟིན་ཕྲན།        མཚོ་ལྷོ་ཁུལ་སྲིད་གཞུང་གི་བོད་ཡིག་དྲ་བ་སོགས་འཛུགས་འཆར་ཡོད་པ་རེད།  
  མཚོ་སྔོན་པོ་དྲ་བས་བོད་ཀྱི་རིག་གནས་འཕེལ་སྟངས་དང་མཚོ་ལྷོ་ཁུལ་འཕེལ་རྒྱས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་པར་ཕན་ནུས་ངེས་ཅན་ཐོན་ཡོད་ཅིང་། དྲ་བའི་ལས་སྒྲུབ་བ་རྣམས་ཀྱིས་རྗེས་ཕྱོགས་མུ་མཐུད་དུ་འབད་བརྩོན་གང་ལེགས་སྒོས་རྒྱ་ཆེའི་དྲ་གྲོགས་རྣམས་ཡིད་ཚིམ་པར་བྱེད་ཆེད།  གསར་འགྱུར་སྤུས་ཚད་སོགས་ཀྱི་ཕྱོགས་ནས་དེ་ལས་ལྷག་པར་ཇེ་ལེགས་ཇེ་རྒྱས་དང་ཁྱད་ཆོས་འབུར་དུ་བཏོད་རྒྱུར་བརྩོན་ངེས་ཤིང་།   མི་འདང་ས་དང་མི་ལེགས་པའི་ཕྱོགས་སུ་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་བསམ་འཆར་གང་མང་འདོན་རྒྱུར་ནན་གྱིས་རེ་ཞུ་བྱས་པ་ཡིན་ལ།  མ་འོངས་བར་མཚོ་སྔོན་པོ་དྲ་བའི་མདུན་ལམ་འདི་མཚོ་སྔོན་པོ་དྲ་བའི་ལས་སྒྲུབ་པ་ཡོངས་དང་རྒྱ་ཆེའི་དྲ་གྲོགས་རྣམས་ལ་རག་ལས་ཤིང་།  མཚོ་སྔོན་པོ་དྲ་བའི་འཕེལ་སྟངས་ལེགས་མིན་གྱི་གདེང་འཇོག་ཐོབ་ཐང་དེ་ནམ་ཡང་རྒྱ་ཆེའི་དྲ་གྲོགས་རྣམས་ལ་དབང་བ་ཡིན།  


འབྲེལ་ཡོད་འོས་སྦྱོར།