གསར་འགོད་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ།
རྩོམ་པ་པོ།:མིང་མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།
དུས་ཚོད།:2010-11-08
ཀློག་གྲངས།:
ཉེ་དུས། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ་དང༌། གདན་ཞུས་ལྟར་བཞུགས་མོལ་ཚོགས་འདུར་བཞུགས་མཁན་བོད་སྡོད་ཀྲུང་དབྱང་གི་མཚམས་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་གསར་འགྱུར་ཚན་པའི་འཐུས་མི་དང༌། ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲགས་ལས་དོན་པ། གསར་འགྱུར་གསར་འགོད་པ་བཅས་མཉམ་འཛོམས་བྱས་ཏེ་མཚམས་སྦྱོར་ཚན་པ་གོང་འཕེལ་གྱི་འཆར་འགོད་གླེང་བ་དང་ཀྲུང་གོའི་གསར་འགོད་པའི་དུས་ཆེན་དགའ་གཏོང་བྱས་པ་རེད། ལྷ་ས་དགོང་དྲོའི་ཚགས་པར་ཁང་དང་ལྷ་ས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་བཞུགས་མོལ་གནང་སྐབས། ཁག་སོ་སོར་རང་ཉིད་ཀྱི་ལས་ཀའི་བརྒྱུད་རིམ་དང་གསར་འགོད་ལམ་བུའི་ཐོག་གི་བརྗེད་པར་དཀའ་བའི་བྱ་བ་གླེང་ནས་གསར་འགོད་པའི་ལས་རིགས་ཀྱི་གཟི་བརྗིད་དང་ཕུགས་བསམ་འཆང་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད། བོད་སྡོད་ཀྲུང་དབྱང་གི་མཚམས་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་མཚམས་སྦྱོར་ཚན་པའི་འཐུས་མིས་ཀྱང་བཞུགས་མོལ་གནང་སྐབས། རང་ཉིད་ཀྱི་ལྷ་ས་དྲིལ་བསྒྲགས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལས་དོན་ལ་ཕྱིར་དྲན་དང་སླད་ཕྱིན་ལས་ཀའི་བསམ་ཕྱོགས་ལྷུག་གླེང་གནང་བ་དང༌། བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་དབུ་འཛིན་གཞོན་པ་ཀྲང་ཡུན་ཧྭ་ཡིས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་མཚམས་སྦྱོར་ཚན་པ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས་གཉིས་ཕན་མངོན་གྱུར་ཡོང་བ་བྱས་ཏེ་ཐུན་མོང་ཐོག་གསར་འགྱུར་ལས་དོན་གྱི་ལེའུ་གསར་པ་རྩོམ་རྒྱུའི་འདོད་ཚུལ་མཚོན་པ་གནང་བ་རེད། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཀྲང་ཡུལ་ཝུན་ཞོལ་ཇིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་བོད་སྡོད་ཀྲུང་དབྱང་མཚམས་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་གསར་འགྱུར་ཚན་པས་སྔར་རྒྱུན་བཞིན་ལྷ་སའི་དྲིལ་བསྒྲགས་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ལྷ་སའི་གསར་འགྱུར་བྱ་གཞག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། །
འབྲེལ་ཡོད་འོས་སྦྱོར།