གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཉམས་ཞན་དུ་འགྱུར་བ་ཐོག་མར་འགོག་བཅོས་བྱེད་ཐུབ་པ་བྱུང་།
རྩོམ་པ་པོ།:ཚེ་རིང་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2010-11-03
ཀློག་གྲངས།:
ཉེ་བའི་ལོ་ལྔའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་སོང་སྟེ། རྩྭ་ས་ཉམས་ཞན་དུ་འགྱུར་བ་ཐོག་མར་འགོག་བཅོས་བྱེད་ཐུབ་པ་བྱུང་།
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་འགན་ཁུར་བའི་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་བཤད་པ་ལྟར་ན། ཉིས་སྟོང་ལྔ་ལོར། རང་རྒྱལ་སྲིད་གཞུང་གིས་མ་དངུལ་སྒོར་མོ་དུང་ཕྱུར་དོན་ལྔ་གཏོང་བའི་འཆར་གཞི་བཀོད་དེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་བྱ་བ་འགོ་བརྩམས་པ་དང་། བཟོ་སྐྲུན་ལག་བསྟར་བྱེད་སྐབས་ཀྱི་ལོ་ལྔའི་ནང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆ་སྙོམས་རྩྭའི་ཐོན་ཚད་དེ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལོ་ནས་ཉིས་སྟོང་བཞི་ལོའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་དང་བསྡུར་ན་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་བདུན་ཇེ་མཐོར་སོང་། ལིས་ཞའོ་ནན་གྱིས་གསར་འགོད་པར་བཤད་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྤང་ཤུན་གྱི་ཁེབས་རྒྱ་མངོན་གསལ་གྱིས་ཇེ་ཆེར་སོང་བ་དང་། རྩྭ་ས་བྱེ་ཐང་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པའི་ས་ཁུལ་གྱི་སྤང་ཤུན་གྱི་ཁེབས་རྒྱ་ཆ་སྙོམས་བྱས་ན་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་གཉིས་ཇེ་ཆེར་སོང་ཞིང་། ས་ནག་ཐང་འགོག་བཅོས་ས་ཁུལ་གྱི་སྤང་ཤུན་གྱི་ཁེབས་རྒྱ་ཡང་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་བརྒྱད་ཅུ་ལ་འཕར་བ་དང་། ཕྱུགས་བསྐྱུར་རྩྭ་འདེབས་བྱས་པའི་ས་ཁུལ་གྱི་སྤང་ཤུན་ཁེབས་རྒྱ་བརྒྱ་ཆའི་དགུ་བཅུ་ལ་སླེབས་ཡོད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གནད་དོན་ལ་ཡུན་རིང་ཞིབ་འཇུག་བྱེད་པའི་ཀྲུང་གོའི་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིས་ཅི་ཡོན་གྱིས་བཤད་པ་ལྟར་ན། མིག་སྔར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁྱབ་ཁོངས་ནང་དུ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱིས་བརྒྱ་ཆའི་བཞི་བཅུ་ཙམ་ཟིན་ཡོད་པ་དང་། བརྒྱ་ཆའི་དྲུག་ཅུའི་ས་ཁུལ་དུ་ད་རུང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱ་བ་སྤེལ་མེད། བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་ལྔའི་རིང་ལ། རྩྭ་ས་ཉམས་ཞན་དུ་འགྱུར་བ་འགོག་བཅོས་བྱེད་པའི་རྣམ་པ་ཇེ་བཟང་དུ་སོང་ཡོད་ཀྱང་། རྩྭ་ས་ཉམས་ཞན་དུ་འགྱུར་བ་བཅོས་སྐྱོང་བྱེད་པའི་ལས་འགན་ད་རུང་ཧ་ཅང་ལྗིད་ཟེར།

འབྲེལ་ཡོད་འོས་སྦྱོར།