logo

ཞིང་གྲོང་གི་སྤྱི་ཚོགས་རྒན་གསོ་འགན་ལེན་གསར་བ་དེ་བོད་ལྗོངས་ཡོངས་སུ་ཁྱབ་པའི་རེ་བ་ཡོད་པ།

རྩོམ་པ་པོ།:རྡེའུ་དཀར་ནག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2010-11-03 ཀློག་གྲངས།:
 གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོ་འགན་ལེན་གསར་བ་ཚོད་ལྟ་བྱེད་གནས་ཀྱི་ལས་དོན་བདེ་བླག་ཡིན་པ་དང་། ད་ལོའི་ལོ་མཇུག་སྔོན་ལ་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ།)73དུ་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོའི་འགན་ལེན་གསར་བ་ཁྱབ་བརྡལ་འབྱུང་རེ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་གིས་མཁོ་འདོན་གནང་བའི་གཞི་གྲངས་ལས་མངོན་གསལ་ལྟར་ན། ད་ལྟའི་བར་དུ་བོད་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ།)58དུ་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོ་འགན་ལེན་གསར་པ་ཚོད་ལྟ་བྱེད་གནས་ཀྱི་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་དང་། ཞིང་ལས་མི་གྲངས་ཁྲི194.85ལ་ཁྱབ་བརྡལ་བྱུང་ཡོད་ཅིང་། རྨང་གཞིའི་རྒན་གསོའི་དངུལ་ཐད་ཀར་བླངས་ཆོག་པའི་དགུང་ལོ60ཅན་གྱི་རྒན་པ་དང་། ཡང་ན་དེའི་ཡན་དུ་སླེབས་ཡོད་པའི་ཞིང་འབྲོག་ཁུལ་གྱི་རྒན་པ་མི་ཁྲི16.38ལ། རྒན་གསོའི་དངུལ་ཁྲི6432སྤྲད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ཞིང་གྲོང་སྤྱི་ཚོགས་འགན་ལེན་ཁྲུའུ་ཡི་འགན་ཁུར་བ་རྡོ་རྗེ་རྣམ་རྒྱལ་གྱིས་འདི་སྐད། བོད་ལྗོངས་ཀྱིས་ཐེངས་རྗེས་མར་ལས་དོན་གྱི་ནུས་ཤུགས་ཆེ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ།)73གྱི་ཞིང་འབྲོག་པ་ཁྲི230ལྷག་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོ་འགན་ལེན་གསར་པའི་ཁྱབ་ཁོངས་སུ་ཚུད་ཐུབ་པར་ཁག་ཐེག་བྱེད་པ་དང་། ལྗོངས་ཡོངས་ཀྱི་དགུང་ལོ60ལ་སླེབས་པ་དང་། ཡང་ན་དེའི་ཡན་དུ་སླེབས་ཡོད་པའི་ཞིང་འབྲོག་ཁུལ་གྱི་རྒན་པ་ཁྲི23ཚང་མས་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོ་འགན་ལེན་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་ལེན་ཐུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། །


འབྲེལ་ཡོད་འོས་སྦྱོར།