logo

གསེར་ཆེན་རྫོང་གིས་རྫོང་ཡོངས་ཀྱི་ཆེས་མཛེས་པའི་མི9ལ་གཟེངས་བསྟོད་བྱས་པ།

རྩོམ་པ་པོ།:ལྷ་དཔལ་སྐྱབས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2018-01-17 ཀློག་གྲངས།:
     ཀུན་སྤྱོད་ཀྱི་དཔེར་སྟོན་སྔར་ལས་འདོན་སྤེལ་འཐུས་ཚང་ཅན་དུ་གཏོང་བ་དེ་རྫོང་ཡོངས་ཀྱི་སྤྱི་དམངས་ཀུན་སྤྱོད་འཛུགས་བསྐྲུན་ཁྲོད་དཔེར་སྟོན་གྱིས་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་མི་བཟང་བོ་དང་མི་བཟང་འོས་སྦྱོར། མི་བཟང་བོར་བརྩི་འཇོག མི་བཟང་བོ་བརྩོན་ལེན་བཅས་བྱེད་པའི་ཀུན་སྤྱོད་ལེགས་པོ་ཞིག་གྲུབ་པར་སྐུལ་འདེད་བྱེད་ཆེད། ཟླ1ཚེས15ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གིས་སྐབས་གསུམ་པའི་གསེར་ཆེན་རྫོང་གི་ཆེས་མཛེས་པའི་མི་ལ་གཟེངས་བསྟོད་བྱ་དགའ་གནང་བའི་ཚོགས་ཆེན་བསྡུས་ཤིང་། གདུགས་དཀར་སྐྱིད་དང་ཡང་ཞིན་ལེན་སོགས་བློ་མཐུན9ལ་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། དུས་མཉམ་དུ་གསེར་ཆེན་རྫོང་གི་སྐབས་གསུམ་པའི་གསེར་ཆེན་གྱི་ཆེས་མཛེས་པའི་མི་ཡི་གཟི་བརྗིད་མཚན་སྙན་ཡང་གནང་བ་རེད།
     རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་དཔྱད་འདེམས་བྱ་འགུལ་དེས་མི་ལ་རོགས་རམ་བྱེད་པ་སྤྲོ་སྣང་དུ་འཛིན་པ་དང་དྲང་བདེན་ལ་དཔའ་ངར་བསྐྱེད་པ། ཡིད་རྟོན་བརྩི་སྲུང་བྱེད་པ། ལས་རིགས་ལ་བརྩི་འཇོག་བྱས་རྗེས་འབུལ་བ། རྒན་བཀུར་སྲི་ཞུ་ལྡན་པ། མི་རིགས་མཐུན་སྒྲིལ་སོགས་བརྗོད་སྙིང་དུ་བཟུང་ནས་2017ལོའི་ཟླ2ནས་འགོ་བརྩམས་སྟེ་ས་གནས་ཀྱི་འོས་སྦྱོར་དང་ལས་ཁུངས་ཀྱི་འོས་སྦྱོར། མང་ཚོགས་ཀྱི་འོས་སྦྱོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་འོས་འདེམས་མི་སྣ38གཏན་ཁེལ་བྱས། དེ་ཡང་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཆེས་ཐོག་མའི་དཔྱད་འདེམས་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་སྡུར་གཏན་ཁེལ། སྨྱན་བྱད་སྤྱི་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་མཇུག་མཐར་གསེར་ཆེན་རྫོང་གི་སྐབས་གསུམ་པའི་ཆེས་མཛེས་པའི་མི་9བདམས་ཐོན་བྱུང་བ་རེད། ཐེངས་འདིར་བདམས་ཐོན་བྱུང་བའི་གསེར་ཆེན་རྫོང་གི་མི9ནི་རྫོང་ཡོངས་ཀྱི་ལས་རིགས་སོ་སོ་དང་རོང་འབྲོག་མང་ཚོགས་ཀྱིས་མཐོང་ཐུབ་ལ་རེག་ཐུབ་པའི་མི་བཟང་དག་གི་དཔེར་མཚོན་འཐུས་ཚབ་པ་ཡིན་པས། ཁོ་ཚོར་རང་ཉིད་ཀྱི་གཞུང་དྲང་བབ་ཆགས་དང་མི་སེམས་འགུལ་བའི་བྱ་སྤྱོད་དང་ཆེས་སྤྱིར་བཏང་གི་རླབས་ཆེ་བའི་བྱ་གཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐོག་མའི་བསྙེན་བཀུར་སྲི་ཞུ་དང་ལས་བརྩོན་ལས་བཀུར། གཞན་ལ་རོགས་རམ་བྱེད་པ་སྤྲོ་སྣང་དང་གཞུང་དྲང་ཡིད་རྟོན་གྱི་སྲོལ་རྒྱུན་བཟང་བོར་འགྲེལ་གསལ་བོ་ཞིག་བརྒྱབ་ཡོད།
     ཉེ་བའི་ལོ་འདི་དག་གི་རིང་ལ་གསེར་ཆེན་རྫོང་གིས་ནན་ཏན་གྱིས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་བསྐྲུན་ལག་བསྟར་རྩ་དོན་ཞེས་པ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། དཔལ་ཡོན་གསེར་ཆེན་འཛུགས་བསྐྲུན་གྱི་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་བརྒྱུད་སྤྱི་ཚོགས་ཀྱི་སྤྱི་གཞུང་ཀུན་སྤྱོད་ལ་ཤུགས་སྣོན་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་མཛེས་སྤྱོད། མི་སྒེར་གྱི་ཀུན་སྤྱོད་འཛུགས་བསྐྲུན་བཅས་ཀྱིས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཁས་མཛངས་སྤྱོད་ལྡན་དང་དགེ་སྒྲུབ་ལས་གཉེར། ཀུན་སྤྱོད་དར་སྤེལ་བཅས་སུ་བཏང་ནས་རྫོང་ཡོངས་ཀྱི་སྤྱི་དམངས་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་ཐད་གྲུབ་འབྲས་འབུར་ཐོན་བླངས་ནས་བསྙེན་བཀུར་སྲི་ཞུ་ཅན་དང་གཞུང་དྲང་ཡིད་རྟོན་ཅན། ལས་བརྩོན་བྱས་རྗེས་ཅན་གྱི་དཔེ་སྟོན་དུ་གྱུར་ཡོད། ཐེངས་འདིར་བྱ་འགུལ་སྤེལ་བ་བརྒྱུད་གསེར་ཆེན་རྫོང་གི་སྤྱི་དམངས་ཀུན་སྤྱོད་འཛུགས་བསྐྲུན་ཐད་ཀྱི་གྲུབ་འབྲས་དེ་གཅིག་བསྡུས་ཀྱིས་རྫོང་ཡོངས་ཀྱི་དཔལ་ཡོན་གསེར་ཆེན་གྱི་འཛུགས་བསྐྲུན་སྒོ་གླེགས་ཕྱེས་པ་མ་ཟད་གསེར་ཆེན་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་གསར་འཛུགས་བྱེད་པའི་ཅོང་བརྡ་རིང་མོ་ཞིག་ཀྱང་ཤུགས་ཀྱིས་རྡུང་བ་རེད།


འབྲེལ་ཡོད་འོས་སྦྱོར།