logo

༄༅།། ཕུར་བ་རྒྱལ་ལ་སྙིང་རྗེའི་སྐར་ཚོམ་གྱི་རྟགས་མ་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-01-22 ཀློག་གྲངས།:


རྟགས་མ་ཐོབ་རྗེས་ཕུར་བ་རྒྱལ་གྱིས་མྱོང་ཚོར་གླེང་བཞིན་པ།

    ཉེ་ལམ། ལོ་རེར་ཐེངས་གཅིག་ལ་སྒྲུབ་བཞིན་པའིརོལ་རྩེད་གསར་པའི་སྙིང་རྗེ་སྐར་ཚོམཞེས་པ་དེ་ཧྲང་ཧེ་ཟློས་གར་ཁང་ནས་གཟབ་རྒྱས་ངང་བསྡུས་པ་དང་། ཞང་ཀང་དང་ཐེ་ཝན། ཀྲུང་གོ་བཅས་ཀྱི་རོལ་རྩེད་ཁྱབ་ཁོངས་ཀྱི་མི་སྣ་གྲགས་ཅན་མང་པོ་རེབ་དེའི་སྙིང་རྗེ་བྱ་འགུལ་ཁྲོད་ཞུགས། བོད་རིགས་གློག་བརྙན་འཁྲབ་སྟོན་པ་ཕུར་བ་རྒྱལ་ལ07ལོའི་སྙིང་རྗེའི་སྐར་ཚོམ་ཞེས་པའི་རྟགས་མ་དེ་ཐོབ་རྗེས། ད་ལོ་ཡང་བསྐྱར་ཁྲིན་ཧོ་མིན་དང་ལིས་ཞའོ་ལེ་བཅས་དང་ལྷན་དུལོ་འཁོར་གཅིག་གི་ཆེས་ལེགས་པའི་སྙིང་རྗེའི་སྐར་ཚོམཞེས་པའི་རྟགས་མ་ཐོབ། མཛད་སྒོའི་སྟེང་ཕུར་བ་རྒྱལ་གྱི་ཕྱི་གོས་ཀྱི་གོང་བའི་གཡས་ཕྱོགས་སུ་ཤོག་བྱ་ཆེན་པོ་གཉིས་བཏགས་ཡོད་ལ་དེ་ནི་ཟི་ཁྲོན་གནོད་ཐེབས་ས་ཁུལ་གྱི་བྱིས་པ་ཚོ་སྔར་ལས་བདེ་སྐྱིད་ལྡན་ཞིང་རེ་སྙེག་གི་བསམ་དོན་འགྲུབ་པའི་མཚོན་རྟགས་ཡིན་ཟེར། རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། ཕུར་བ་རྒྱལ་བྱ་འགུལ་དེར་ཞུགས་རྗེས་ད་ལོའི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་རྒྱལ་སྤྱིའི་རྩལ་སྦྱོང་ལྟེ་གནས་ནས་བསྡུ་རྒྱུ་ཡིན་པའིམི་དཀར་གྱི་དགའ་གྲོགས་དུས་ཆེན་གྱི་མཚན་མོཞེས་པའི་བྱ་འགུལ་ཆེན་པོ་དེར་ཞུགས་པར་སྟ་གོན་གང་ལེགས་བྱེད་བཞིན་པའི་སྒང་ཡིན་ལ། ཕུར་བ་རྒྱལ་རང་ཉིད་ཀྱིས་རེབ་དེའི་བྱ་འགུལ་ཁྲོད་ལྟ་མཁན་ཡོངས་ལ་ངོ་མཚར་གྱི་འཁྲབ་སྟོན་ཞིག་བྱ་ཐུབ་པར་ཡིད་ཆེས་དང་རེ་བས་ཁེངས་ཡོད།


འབྲེལ་ཡོད་འོས་སྦྱོར།