logo

རོལ་རྩེད་ལུས་རྩལ་བྱེད་སྒོ་སྤེལ་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་བསུ་བ་ཞུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། དུས་ཚོད།:2019-09-25 ཀློག་གྲངས།:


རོལ་རྩེད་ལུས་རྩལ་བྱེད་སྒོ་སྤེལ་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་བསུ་བ་ཞུས་པ། 

     ཉེ་ལམ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་པ་ཚོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་ཆེད་རོལ་རྩེད་དང་དགོད་བྲོའི་རྣམ་པའི་ལུས་རྩལ་བྱེད་སྒོ་འཁྲུག་པོ་ཞིག་སྤེལ་བ་རེད།

     ལོ་ངོ70ཡི་ཆར་རླུང་ཁྲོད་རང་རྒྱལ་གྱིས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་འཕུར་བསྐྱོད་བསུས་ཤིང་། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ་དང་། ཀྲུང་ཧྭའི་ས་གཞི་ཆེ་མོ་རྣམ་པ་གསར་རྐྱང་དུ་གྱུར་ནས་གང་སར་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་རིང་། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་འདི་ཉིད་ཏང་གི་འགོ་ཁྲིད་འོག་ལོ་རྒྱུས་རང་བཞིན་གྱི་གནམ་ས་བླ་འོག་གི་མཆོང་སྐྱོད་བྱུང་ནས་རྗེས་ལུས་ཀྱི་རྣམ་པ་ལས་རིམ་བཞིན་སྒྲོལ་ཏེ་རྣམ་པ་གསར་རྐྱང་གི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་མཉམ་དུ་མདུན་སྐྱོད་བྱེད་བཞིན་ཡོད།

     སྟོན་ཟླའི་བསིལ་ངད་རིམ་བཞིན་འཕེལ་ནའང་། ཚགས་པར་ཁང་གི་སྒོ་རྭའི་ནང་ཁུལ་སྐྱེད་མོས་ཚལ་ནི་ད་དུང་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བར་སྣང་། སྤོ་ལོའི་ཐང་སྡེར་ན་གཞོན་སྐྱེས་ཕོ་མོ་ཚོའི་བཞད་གད་ཀྱི་སྒྲ་དེ་གང་སར་ཁྱབ།

     བྱེད་སྒོའི་རིང་རྒྱ་བོད་མི་རིགས་ཁག་གི་བོད་ཡིག་གསར་འགྱུར་ལས་དོན་པས་ལན་ཆིའུ་སྤོ་ལོ་འགྲན་བསྡུར་དང་།  ལྒང་ཕུག་བྲང་བཀར་རོལ་རྩེད། སྐེད་པ་འཁོར་ལོའི་རྩེད་འཇོ། ལྒང་ཕུག་ལ་ཕུ་བཏབ་ནས་ཤོག་ཕོར་དབོར་བ། མིག་བཀབ་ནས་ཞོ་སྟེར་བ། ཤོག་སྦག་སྟེང་དུ་གྲོ་ཞིབ་དབོར་བ། སྣུམ་ཀྲིན་ཆེན་པོའི་སྟེང་དུ་སྒལ་རིལ་རྩེད་པ་སོགས་བསྟན་བཤིག་ཆེ་ལ་བཞད་གད་བྲོ་བ། རོལ་རྩེད་ཀྱི་བག་ཡངས་ཆེན་པོའི་བྱེད་སྒོ་སྤེལ་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་བསུ་བ་དང་རྟེན་འབྲེལ་ཞུས་ནས།“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མུ་མཐུད་མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བོད་ཡིག་སྨྱན་སྦྱོར་མི་སྣས་ལྷག་བསམ་རྣམ་དག་ངང་ཏང་ལ་ཕྱོགས་པ་དང་མེས་རྒྱལ་ལ་བརྩི་བཀུར་ཞུ་བའི་ལྷག་བསམ་མཚོན་པར་བྱས་ཡོད།

     མིག་སྔའི་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་ཁོངས་སུ《བོད་ལྗོངས་ཉིན་རེའི་ཚགས་པར》དང་།《མི་དམངས་ཉིན་རའི་ཚགས་པར》《བོད་ལྗོངས་ཁྲིམས་ལུགས་ཚགས་པར》《ས་མཐོའི་གྲོང་གསེབ་གསར་པའི》དུས་དེབ།《ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ》《བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དུད་སྣེ》《བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར》སྐད་འཕྲིན། 《བོད་ལྗོངས་ཁྲིམས་ལུགས》སྐད་འཕྲིན་བཅས་དང་《དེང་དུས་ཀྱི་བོད་ལྗོངས》རྒྱལ་ཕྱིར་འགྲེམས་པའི་ཚགས་པར་སོགས་ཀུན་འདུས་ཀྱི་སྨྱན་སྦྱོར་སྣེ་མང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་ཙམ་མ་ཟད་རྒྱལ་ནང་གི་ཞིང་ཆེན་གཞན་དུ་ཡོད་པའི་བོད་ཁུལ་ལའང་གསར་འགྱུར་ཆ་འཕྲིན་གྱི་ཞབས་ཞུའི་འགན་ནུས་འདོན་སྤེལ་ཞུ་བཞིན་ཡོད་པ་རེད།  


འབྲེལ་ཡོད་འོས་སྦྱོར།