གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོས་སྐབས་དང་པོའི་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་བྱ་འགུལ་སྤེལ།
གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོས་སྐབས་དང་པོའི་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་བྱ་འགུལ་སྤེལ།
དམངས་གླུ་ལེན་བཞིན་པ།
གླུ་མ་རྣམས།
ཉེ་ཆར། ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་བསུ་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་ཆེད་དུ། ཆུ་ཁོལ་ཡུལ་ཚོའི་སྐབས་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་གཏེར་ལམ་རྫོང་ཆུ་ཁོལ་ཞང་གསེར་ཐང་སྡེ་བ་རུ་སྤེལ། ཐེངས་འདིའི་བྱ་འགུལ་སྟེང་རྫོང་ཡོངས་ཀྱི་ས་གནས་མི་འདྲ་བའི་གླུ་བ་གླུ་མ་30ལྷག་ཞུགས་ཡོད།
གླུ་ཤགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་ཤིག་ཡིན་ལ། ད་ལྟའི་བར་ལོ་ངོ260ལྷག་གི་ལོ་རྒྱུས་ལྡན་ལ། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ནོར་དུ་རྩིས་ཆོག ཐེངས་འདིའི་འགྲན་སྡུར་བརྒྱུད་ནས་གླུ་བ་གླུ་མའི་ཤགས་ལན་ཁྲོད་ཕན་ཚུན་གྱི་བློ་རིག་མཚོན་པར་བྱས་ལ། མཐུན་སྒྲིལ་གྱི་གླུ་སྒྲ་གང་སར་ཁྱབ་པར་བྱས།
གླུ་ཤགས་ནི་ཕ་མེས་ཡང་མེས་ཀྱི་རུས་རྐང་དུ་འཐིམས་པའི་སྲོལ་རྒྱུན་གྱི་རིག་གནས་ཤིག་ཡིན་པའི་ཆ་ནས། ལྟ་མཁན་མང་པོ་ཞིག་གིས་དགའ་བསུ་གང་མང་ཐོབ་ཀྱིན་ཡོད་ལ། ཉན་མཁན་མང་པོའི་ཡིད་དབང་ཅིག་ཅར་འཕྲོག་གིན་ཡོད། བྱ་འགུལ་འདི་ལ་བརྟེན་ནས་དམངས་ཁྲོད་རིག་གནས་དར་སྤེལ་དང་རྒྱུད་འཛིན་ཕྱོགས་ལ་ནུས་པ་གང་ལེགས་ཐོན་ཡོད།