དཔལ་མཁར་རྒྱལ་ལ2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་ཐོབ་པ།
2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་མི་སྣ་དང་ལས་ཁུངས་ཁྱབ་སྒྲོག་བྱས་པ།
སྤྱི་ཟླ9པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་དཔར་འགྲེམ་བྱས་པའི《2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའི་དཔྱད་འདེམས་བཟང་བསྟོད་བྱ་བའི་ཇུས་གཞི》གཞིར་བཟུང་སྟེ། མིང་འགོད་ངོ་སྤྲོད་དང་ཐོབ་ཐང་ཞིབ་བཤེར། ཐོག་མའི་དཔྱད་འདེམས། ཡུལ་དངོས་རྟོག་ཞིབ། སྡེ་ཁག་གི་བསམ་འཆར་བསྡུ་ལེན། བསྐྱར་ཞིབ། ཆོག་འཐུས་གཏན་འབེབས་སོགས་ཀྱི་སྒྲིག་རིམ་བརྒྱུད། 2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་མི་སྣ་དང་ལས་ཁུངས་ཁྱོན་བསྡོམས140བདམས་ཐོན་བྱུང་། དེའི་ཁྲོད་ཡར་བརྩོན་བྱ་འགའ་ཐོབ་མཁན་མི20དང་བྱས་རྗེས་བྱ་དགའ་ཐོབ་མཁན་མི26། ལེགས་སྐྱེས་བྱ་དགའ་ཐོབ་མཁན་མི25། གསར་གཏོད་བྱ་དགའ་ཐོབ་མཁན་མི25དང་རྩ་འཛུགས་གསར་གཏོད་བྱ་བ་ཐོབ་མཁན་གྱི་ལས་ཁུངས39ཡོད་པ་རེད། བྱ་དགའ་ཐོབ་པའི་མི་སྒེར(ལས་ཁུངས)ལ་བསམ་འཆར་ཡོད་ཚེ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ལྟ་སྐུལ་ཐེར་འདོན་ཁ་པར་ཨང་གྲངས12317བརྒྱུད་ནས་གོང་ཞུ་བྱ་དགོས། བདག་སྤྲོད་ཀྱི་དུས་ཚོད། 2019ལོའི་ཟླ9པའི་ཚེས20ནས24ཉིན་བར་གྱི་སྔ་དྲོའི་ཆུ་ཚོད8:30—12:00བར་དང་ཕྱི་དྲོའི་ཆུ་ཚོད13:00—17:00བར་རེད།
མཚོ་སྔོན་གྱི2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་ཐོབ་མཁན་དཔལ་མཁར་རྒྱལ།
དཔལ་མཁར་རྒྱལ། ཕོ། བོད་རིགས། ལོ48། ཀྲུང་གོ་གུང་ཁྲན་ཏང་ཡོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། རབ་འོག་མ་སྡེ་བ་ནི་ཕྱུགས་ལས་གཙོ་ཡིན་པའི་ཞིང་ཕྱུགས་མཉམ་འདྲེས་ཀྱི་དབུལ་ཕོངས་སྡེ་བ་ཞིག་ཡིན། དཔལ་མཁར་རྒྱལ་གྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་འགན་འཁུར་པའི་སྐབས་སུ་བྱེད་ཐབས་སྣ་མང་སྤྱད་དེ་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ། ཁོས་ལས་གནས་སོར་འཇོག་སྒོས་ཅིང་སུའུ་རུ་སློབ་སྦྱོང་བྱེད་དུ་སོང་བའི་གོ་སྐབས་ལ་བརྟེན་ཏེ། ས་གནས་དེ་གའི་སྲིད་གཞུང་དང་ཁ་གཏད་ཁེ་ལས་ལ་ཧུར་བསྐྱེད་སྒོས་འབྲེལ་འདྲིས་བྱས་ཤིང་། རོང་འབྲོག་ན་གཞོན་མང་པོ་ཞིག་ཅིང་སུའུ་ཞིང་ཆེན་སོགས་འཕེལ་རྒྱས་ས་ཁུལ་དུ་རྩལ་ནུས་སློབ་སྦྱོང་བྱེད་པར་རྩ་འཛུགས་དང་། ངལ་རྩོལ་དཔུང་སྡེ་བཙུགས་ནས་ཅིང་སུའུ་ཞིང་ཆེན(如皋市)དུ་ཞོར་ལས་བྱེད་དུ་བཅུགས་ནས་སྡེ་མི50ལྷག་ལས་ཞུགས་སྤོ་སྒྱུར་ལེགས་འགྲུབ་བྱས་ཤིང་། མི་རེའི་ཆ་སྙོམས་ཀྱི་ཟླ་གཅིག་གི་གླ་ཕོགས་སྒོར4000—6000བསླེབས། ཁོས་རང་བདག་ལས་གཏོད་ཚོང་གཉེར་བྱེད་མཁན་ལ་རོགས་རམ་བྱས་ཏེ་དངུལ་བུན་སྒོར་ཁྲི430ཡི་བར་འདུག་བྱས་ནས། སྡེ་བ་ཡོངས་ཀྱི་ལས་གཏོད་ཚོང་གཉེར་ཁང52ཀྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི520བསླེབས་ཡོད། སློབ་ཤོར་ན་ཆུང27ལ་རོགས་བྱས་ནས་སློབ་གྲྭ་བསྐྱར་འདོན་བྱེད་དུ་བཅུགས་པ་དང་། དབུལ་ཕོངས་ཁྱིམ་ཚང“བློ་སྐྱོར་འཛིན་གྲྭའི”བརྗོད་དོན་བྱ་འགུལ་ཁྲོད་ཞུགས་པར་རྩ་འཛུགས་བྱས་ཏེ། སྡེ་སྲོལ་དམངས་ཆིངས་བཟོ་བཅོས་གཏན་འབེབས་བྱས་ཤིང་། གཉེན་སྒྲིག་དང་འདས་མཆོད་སྒྲུབ་སྐབས་ཀྱི་ཆུད་ཟོས་སྣང་ཚུལ་སོགས་གཏན་འགོག་བྱས་ནས་དཔལ་ཡོན་དང་དམངས་སྲོལ་གྱིས་ཁེངས་པའི་སྔོན་ཐོན་སྡེ་བ་ཞིག་ཏུ་གྱུར་དུ་བཅུགས། ཁོས་སྣེ་ཁྲིད་འོག སྡེ་བའི་རོང་འབྲོག་མང་ཚོགས་ཀྱི2018ལོའི་མི་རེའེ་ཆ་སྙོམས་ཀྱི་ཡོང་འབབ་སྒོར11762ལ་བསླེབས་པ་དང་། དབུལ་ཕོངས་ཁྱིམ་ཚང59ཡི་དབུལ་པོ་མི181ཁྱོན་ཡོངས་ནས་དབུལ་ཐར་བྱུང་བ་རེད།