logo

ཞིན་ཧེས་ཁོར་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་ཚགས་པར། དུས་ཚོད།:2017-08-22 ཀློག་གྲངས།:
     ཞིན་ཧེས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཞི་རིམ་དུ་བསྐྱོད་པའི་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་བཀོད་སྒྲིག་བྱས།
     ཟླ8ཚེས18ཉིན་གྱི་ཕྱི་དྲོ། མཚོ་ལྷོ་ཁུལ་ཁུལ་དཔོན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྲིན་པེའོ་ཡིས་ཚོགས་འདུའི་མདོ་འཛིན་གནང་སྟེ། «གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་བྲེལ་མྱུར་བརྡ་ཐོ»དང«ཕྱོགས་ཡོངས་ནས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་བཅར་འདྲི་བརྟག་ཞིབ་ཚོགས་ཆུང་མཚོ་སྔོན་དུ་ཡོང་བའི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་བྲེལ་མྱུར་བརྡ་ཐོ»སོགས་འབྲེལ་ཡོད་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་དག་ཐེར་དང་ལྟ་སྐུལ་བྱེད་ཞོར་ཡོ་བསྲང་བྱ་རྒྱུའི་ལས་དོན་ཁག་བཀོད་སྒྲིག་བྱས། ཀྲང་ཧྲིན་པེའོ་ཡིས་བླང་བྱ་ལྔ་བཏོན་པ་སྟེ།
     གཅིག་ནས་སྐུལ་སྒྲུབ་བྱས་པའི་གནད་དོན་བཅོས་སྒྲིག་གང་ལེགས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་སྔར་བས་ཁ་གསལ་དང་སྦྲགས་བྱ་བའི་ལས་འགན་ཞིབ་ཚགས་བྱས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དག་ཐེར་ལེགས་བཅོས་དོན་འཁྱོལ་དམ་འཛིན་བྱེད་རྒྱུ་མ་ཟད། དག་ཐེར་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། དུས་མཚུངས་སུ་དྲང་ཕྱོགས་ཀྱིས་དྲིལ་སྒྲོག་སློབ་གསོ་དང་ཁྲིད་སྟོན་གྱི་བྱ་བ་ལེགས་སྒྲུབ་བྱེད་པ་དང་། བརྙན་འཕྲིན་དང་ཉིན་ཟེར་སྲིད་དོན་སོགས་ཀྱི་འཕྲིན་སྟེགས་བརྒྱུད་མང་ཚོགས་ལ་དམངས་འཚོའི་ལས་གཞིའི་གནས་ཚུལ་དང་བཟོ་སྐྲུན་གྱི་མྱུར་ཚད་ཤེས་རྟོགས་དང་རྒྱུས་ལོན་བྱེད་དུ་འཇུག་དགོས། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་ཞུགས་པ་དང་རྒྱབ་སྐྱོར་བྱས་ཏེ། ཕྱར་བ་གྲུ་འདེགས་སྒོས་མཉམ་དུ་འབྱོར་ཕྱུག་ཤེས་དཔལ་དང་མཛེས་སྡུག་འཆམ་མཐུན་ཅན་གྱི་ཞིན་ཧེ་གསར་པ་འཛུགས་སྐྲུན་བྱེད་དགོས།
     གཉིས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལེགས་སྒྲུབ་བྱེད་དགོས།ཞང་གྲོང་དང་སྡེ་ཁག་སོ་སོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་བླང་བྱ་ལྟར། ཏན་ཏིག་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་བ་ལེགས་སྤེལ་བྱེད་དགོས་ཤིང་། རྫོང་ཡོངས་གནས་སོ་སོའི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་བའི་རྨང་གཞིའི་སྟེང་ཁུལ་ཨུ་ལྟ་ཞིབ་ཚོགས་ཆུང་གིས་བཏོན་པའི་ཁོར་ཡུག་འཕྲོད་བསྟེན་གནད་དོན་གཞིར་བྱས། མཐའ་འཁོར་མིག་གིས་མི་མཐོང་ས་དང་ལུང་ཤུར་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ནན་ཏན་གྱིས་ལེགས་སྒྲུབ་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱ་དགོས། འབྲེལ་ཡོད་སྡེ་ཁག་གིས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ལ། བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱ་དགོས། གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་ལས་དོན་ལེགས་སྤལ་བྱས་ཏེ། དག་གཙང་དང་གྲལ་དག་པ་གོ་རིམ་ལྡན་པ་བཅས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་པར་བརྩོན་དགོས། དམིགས་འཛུགས་ཞིབ་བཤེར་དང་སྐོར་སྐྱོད་དོ་དམ་ཚོད་འཛིན་ཟུང་འབྲེལ་བྱེད་པ། རྒྱུན་གཏན་གྱི་ཞིབ་བཤེར་དང་ཐོལ་བྱུང་ཞིབ་བཤེར་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ་ལག་ཁྱེར་མེད་པར་རླངས་འཁོར་སྐོར་བ་དང་གཞུང་ལམ་དུ་རླངས་འཁོར་གང་འདོད་དུ་འཇོག་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་བྱས་ནས་རྫོང་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་སྲུང་སྐྱོང་བྱ་དགོས།
     གསུམ་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས། ཞང་གྲོང་ཁག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ཁུལ་ཨུའི་བརྡ་ཐོའི་བླང་བྱ་ལྟར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚོགས་ཆུང་གཞི་རིམ་དུ་བསྐྱོད་པའི་ཚོགས་འདུའི་ཟིན་ཐོ་དང་། ཡིག་ཚགས་དཔྱད་ཡིག་གྲ་སྒྲིག་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་བླང་བྱ་ལྟར་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དགོས། རྫོང་ཨུའི་གཞུང་ལས་ཁང་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་། རྫོང་ནགས་སྲུང་སྡེ་ཁག་གིས་གོང་རིམ་ལས་སྒོའི་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཞི་རིམ་དུ་བསྐྱོད་པའི་སྐབས་ཀྱི་ལགྲ་སྒྲིག་ས་དོན་ཁག་ལེགས་སྒྲུབ་དང་། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་སྙན་ཞུའི་ཡིག་རིགས་ནན་ཏན་གྱིས་འབྲི་དགོས་ཤིང་། བྱ་བའི་གྲུབ་འབྲས་མངོན་གསལ་འབྲི་རྒྱུ་དང་། གནད་དོན་དང་རྐྱེན་ངན་དབྱེ་ཞིབ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་སླད་ཕྱིན་གྱི་བྱ་བའི་འཆར་གཞི་སོགས་ནང་འབུར་དུ་ཐོན་པ་འབྲི་དགོས།
     བཞི་ནས་སྐུལ་འདེད་དོན་འཁྱོལ་བྱ་བར་ལེགས་སྒྲུབ་བྱེད་དགོས། རྫོང་ཨུའི་གཞུང་ལས་ཁང་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་། རྫོང་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན། རྫོང་ཤེས་དཔལ་གཞུང་ལས་ཁང་སོགས་ལས་ཁུངས་སོ་སོས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆེད་དམིགས་ཀྱི་ནུས་ཤུགས་རྩ་འཛུགས་བྱས་ཏེ། ཞང་གྲོང་དང་སྡེ་ཁག་སོ་སོས་སྤེལ་བའི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་གི་ལས་དོན་ནུས་ལྡན་ངང་སྤེལ་མེད་པ་དང་ད་དུང་གཙང་སྦྲའི་ཞན་ཆ་ཡོད་པ་དག་རླུང་འཕྲིན་བརྙན་འཕྲིན་དང་ཉི་ཟེར་སྲིད་དོན་སོགས་འཕྲིན་སྟེགས་བརྒྱུད་བརྡ་ཁྱབ་གཏོང་བ་དང་ཐེར་འདོན་བྱ་དགོས། ཞང་གྲོང་ཁག་དང་སྡེ་ཁག་སོ་སོས་ཏན་ཏིག་ངང་ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་དགོས། རྫོང་འཕེལ་སྒྱུར་ཅུའུ་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ། ཁོར་ཡུག་སྲུང་སྐྱོང་ཅུའུ། རྒྱལ་ཁོངས་ས་ཁང་དོ་དམ་ཅུའུ་སོགས་ལས་ཁུངས་ཀྱིས་ནན་ཏན་སྒོས་འགན་བསྒྲུབ་བྱས་ཏེ་ཁེ་ལས་ཀྱི་འགྲོ་ལུགས་ཆ་ཚང་པ་དང་ཚད་ལྡན་ཡིན་པ་བྱེད་དགོས། ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིམས་འཛིན་གྱི་ཁོར་ཡུག་ལེགས་ཤོས་ཤིག་བསྐྲུན་དགོས།
     ལྔ་ནས་དྲིལ་སྒྲོག་གསར་འགོད་དང་ཆ་འཕྲིན་ཡོངས་བསྒྲགས་ལེགས་སྒྲུབ་བྱེད་དགོས།རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རླུང་འཕྲིན་བརྙན་འཕྲིན་ཉི་ཟེར་སྲིད་དོན་སོགས་འཕྲིན་སྟེགས་བརྒྱུད་དེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལེགས་སྒྲུབ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་དྲིལ་སྒྲོག་གསར་འགོད་བྱེད་པའི་དུས་མཚུངས་སུ། ཞིང་ཆེན་དང་ཁུལ་དྲིལ་བསྒྲགས་ལས་ཁུངས་དང་འབྲེལ་མཐུད་བྱེད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། བླང་བྱ་ལྟར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བརྒྱུད་སྤྲོད་བྱས་པའི་གནད་དོན་དང་། ལྟ་སྐུལ་བྱེད་ཞོར་དག་ཐེར་བྱེད་པའི་ཆ་འཕྲིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཐེར་འདོན་ཁ་པར་ཨང་གྲངས། ཆེད་སྤྱོད་ཡིག་སྒམ་སོགས་ཀྱི་ཡོངས་བསྒྲགས་ལས་དོན་གང་ལེགས་སྒྲུབ་སྟེ། ལྟ་ཞིབ་ཀྱི་ཁོར་ཡུག་ལེགས་ཤོས་ཤིག་བསྐྲུན་པར་བརྩོན་དགོས། རྫོང་ཨུའི་གཞུང་ལས་ཁང་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་། རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་ནགས་སྲུང་ལས་ཁུངས་སོགས་ཀྱིས་ཆ་འཕྲིན་འཚོལ་བསྡུ་དང་སྒྲིག་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ལ་དམིགས་ཏེ། བྱ་བའི་འཕེལ་རིམ་གྱི་ཆ་འཕྲིན་དུས་ཐོག་ཏུ་གསར་འགོད་བྱེད་པ་དང་། ཆ་འཕྲིན་ནུས་ཚད་མཐོ་བའི་ངང་དུས་ཐོག་ཏུ་སྙན་ཞུ་འགོད་རྒྱུ་ཁག་ཐེག་བྱེད་དགོས།
     ཚོགས་འདུ་གྲོལ་རྗེས། བློ་མཐུན་ཀྲང་ཧྲིན་པེའོ་ཡིས་ནན་གྱིས་བསྟན་དོན། ཞང་གྲོང་དང་སྡེ་ཁག་སོ་སོས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་བརྟག་ཞིབ་ཚོགས་ཆུང་མཚོ་སྔོན་དུ་ཡོང་བའི་འབྲེལ་ཡོད་ལས་དོན་ལ་ཚད་མཐོའི་སྣང་ཆེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས། «སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར»ཞིབ་བསྡུར་ནན་ཏན་བྱས་ནས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བཅར་འདྲི་བརྟག་ཞིབ་བྱེད་པའི་གྲ་སྒྲིག་ལས་དོན་གང་ལེགས་སྒྲུབ་དགོས།


འབྲེལ་ཡོད་འོས་སྦྱོར།