logo

མཚོ་ལྷོ་ཁུལ་གྱིས་རྐྱེན་སྲོལ་བཞི་ལ་བརྟེན་ནས་དག་ཐེར་ལེགས་བཅོས་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་བོད་ཡིག་ཚགས་པར། དུས་ཚོད།:2017-08-19 ཀློག་གྲངས།:
     མཚོ་ལྷོ་ཁུལ་གྱིས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྟན་བརླིང་ཕན་ཡོད་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བརྒྱུད་སྤྲོད་བྱས་པའི་བྱ་བ་མྱུར་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱས།

     ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་གྱོད་གཞི་བརྒྱུད་སྤྲོད་བྱས་རྗེས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟ་ཞིབ་ཁང་གིས་དུས་ཚོད་དང་པོའི་ནང་དང་ལེན་དང་ལག་བསྟར་བྱེད་མགོ་བརྩམས་པ་དང་། བསྒྲུབ་པར་ལྟ་ཞིབ་བྱེད་པའི་རྣམ་པའི་འོག་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་སྤྲད་པ་དང་། འགན་ཁུར་ས་ཁུལ་དང་སྡེ་ཁག་གིས་མྱུར་དུ་རིགས་མི་འདྲ་བའི་གྱོད་གཞི་རེ་རེ་ལ་ཞིབ་བསྡུར་བྱས་པ་དང་རེ་རེ་བཞིན་ཞིབ་བཤེར་བྱས་པ་མ་ཟད། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པའི་རྩ་དོན་ལྟར། མྱུར་དུ་དག་ཐེར་ལེགས་བཅོས་བྱས། རྫོང་སོ་སོ་དང་སྡེ་ཁག་སོ་སོས་གྱོད་གཞི་དང་ལེན་བྱས་རྗེས། ཉིན་གཅིག་གི་དུས་ཚོད་ནང་གནས་ཚུལ་ཡར་ཞུ་བྱེད་པ་དང་གྲོས་བསྡུར་བྱེད་དགོས་པ། ཉིན་གཉིས་ཀྱི་དུས་ཚོད་ནང་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་ལ། ཉིན་བཞིའི་དུས་ཚོད་ནང་། དག་ཐེར་ལེགས་བཅོས་བྱས་པའི་ཐད་ཀྱི་སྙན་ཞུ་གོང་ལ་སྤྲོད་དགོས་པ་གཏན་ཁེལ་བྱས། ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁོངས། ཆུ་བེད། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་གྲུབ་པའི་ཕྱོགས་བསྡུས་ཁྲིམས་འཛིན་ཚན་ཆུང་བཙུགས་ནས། རྫོང་སོ་སོས་གྱོད་གཞི་ལག་བསྟར་བྱས་པ་དང་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐད་ནས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་དུས་ལྟར་ཞིབ་བཤེར་ཐག་གཅོད་བྱས།


འབྲེལ་ཡོད་འོས་སྦྱོར།