ཀོས་ནན་རྫོང་སྲིད་གཞུང་གིས་ཁོར་སྲུང་གནད་དོན་ལ་ལྟ་ཞིབ་དང་དག་ཐེར་བྱས།
ཟླ8པའི་ཚེས16ཉིན། རྫོང་དཔོན་ཀྲང་ཧྥིན་གྱིས་འགོ་འཛིན་བྱས་ཏེ། རྫོང་དཔོན་གཞོན་པ་དག་གི་ལས་བགོས་ཁོར་སྲུང་མངའ་ཁོངས་གནད་དོན་ལ་ལྟ་ཞིབ་དང་དག་ཐེར་བྱས་པའི་བྱ་བའི་སྙན་ཞུར་ཉན་པ་དང་། 2016ལོ་ནས2017ལོའི་ལོ་ཧྲིལ་བོའི་ཞིང་ཆེན་དང་ཁུལ། ནུབ་བྱང་ཁོར་སྲུང་ལྟ་ཞིབ་ཚན་ཁག་གིས་རང་རྫོང་གི་ཁོར་སྲུང་གནད་དོན་བཅོས་བསྒྱུར་བྱ་བར་བཏོན་པའི་གནད་དོན་ལ་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
རྫོང་དཔོན་ཀྲང་ཧྥིན་གྱིས་བསྟོན་དོན། ཟླ8པའི་ཚེས8ཉིན་ནས་བཟུང་ཀྲུང་དབྱང་གི་ཁོར་སྲིང་ལྟ་ཞིབ་ཚན་ཁག་བདུན་པ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁོར་་སྲུང་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་འགོ་བརྩམས་པ་དང་། ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཐག་གཅོད། ཁོར་སྲུང་འགན་འཁྲི་དངོས་འབེབས་གནས་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དེ་ཡིན། ལྟ་ཞིབ་ཁྲོད་གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཙོ་བོ་ཀྲུང་དབྱང་གིས་མཐོང་ཆེན་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་ཁོར་ཡུག་གནད་དོན་གྱི་ཐག་གཅོད་གནས་ཚུལ་ལ་དམིགས་ནས། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་གནས་ཚུལ་སོགས་ཀྱི་ལས་ཀའི་ལམ་ལུགས་དངོས་འབེབས་ལ་སྐུལ་འདེད་བྱེད་དགོས་ཟེར།
རྫོང་དཔོན་ཀྲང་ཧྥིན་གྱིས་གཅིག་ནས་བསམ་བློའི་འདུ་ཤེས་སྟེང་ངེས་ཤེས་གསར་བ་ཡོད་དགོས་པ།གཉིས་ནས་བྱ་བའི་བྱེད་སྟངས་ཐད་བྱས་རྗེས་གསར་བ་འཇོག་པ། གསུམ་ནས་དཔེ་མཚོན་འཛུགས་སྐྲུན་སྟེང་བསམ་གཞིགས་གསར་བ་གཏོང་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་གྲོལ་རྗེས། རྫོང་དཔོན་ཀྲང་ཧྥིན་ཐར་ཤུལ་ཞང་ལ་སོང་སྟེ་གཞུང་ལམ་གཙོ་བོའི་འགྲམ་གྱི་ཁོར་སྲུང་བྱ་བར་ལྟ་ཞིབ་བྱས།
ཉེ་ལམ། རྫོང་དཔོན་གཞོན་པ་རིན་ཆེན་འབུམ་གྱིས་སྣེ་ཁྲིད་དེ། སུམ་མདོ་གྲོལ་རྡལ་གྱི་རུ་མང་དང་གོང་བ་སྡེ་བའི་རྩྭ་ས་བཀག་སྡོམ་བྱ་བར་སྐོར་ཞིབ་བྱས་པ་དང་། རྫོང་སྲིད་གཞུང་གཞུང་ལས་ཁང་དང་སུམ་མདོ་གྲོང་རྡལ། ཞིང་ཕྱུགས་ཅུས། སྤྱི་བདེ་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་རྩྭ་ས་བཀག་སྡོམ་བྱ་བར་བརྩི་སྲུང་མི་བྱེད་པར་རང་འགུལ་གྱིས་བཀག་སྡོམ་ས་ཁུལ་དུ་ཕྱུགས་ཟོག་འཚོ་བའི་ཁྱིམ་ཚང83ལ་ཡུལ་དངོས་ནས་སློབ་གསོ་བཏང་བ་དང་འབྲེལ་ཡོད་རྩྭ་སའི་ཁྲིམས་ལུགས་དྲིལ་སྒྲོག། མང་ཚོགས་ལ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་གལ་ཆེན་རང་བཞིན་དང་ཕུགས་ཀྱི་དོན་སྙིང་སོགས་མཛུབ་སྟོན་བྱས་ཏེ། སྡེ་བ་འདི་གཉིས་ཀྱི་ཕྱུགས་ཟོག་ཡོད་ཚད་བཀག་སྡོམ་ས་ཁུལ་ནས་ཕྱིར་ཕུད།
ཐེངས་འདིའི་སྐོར་ཞིབ་བྱ་བའི་དུས་ཡུན་ཉིན་ལྔ་ཡིན་པ་དང་བསྡོམས་པས་རླངས་འཁོར15དང་ལས་སྒྲུབ་མི་སྣ106ལྷག་ཡོད།