ཀོས་ནན་རྫོང་གིས་ཁོར་སྲུང་ལྟ་ཞིབ་བྱ་བར་དབྱེ་ཞིབ་དང་བཀོད་སྒྲིག་བྱས།
སྤྱི་ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀོས་ནན་རྫོང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། གཏིང་ཟབ་པའི་སྒོ་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་འགན་འཁྲི་ནན་སྒྲུབ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་རྩ་འཛུགས།ཏང་ཡོན་ལས་བྱེད་པའི་ཁོར་སྲུང་བྱ་བའི་ཆབ་སྲིད་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ནན་ཏན་གྱིས་རྫོང་ཡོངས་ཀྱི་ཁོར་སྲུང་ལྟ་ཞིབ་དང་དག་ཐེར་བྱ་བར་སྐུལ་འདེད་བྱས། རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ་གྱིས་ཚོགས་འདུའི་སྟེང་གཏམ་བཤད་གལ་ཆེན་གནང་།
རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ་གྱིས་བསྟན་དོན། ད་ལོ་ནས་བཟུང་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཁོར་སྲུང་གནད་དོན་དག་ཐེར་བྱ་བའི་སྐོར་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁོར་སྲུང་གནད་དོན་བཅོས་བསྒྱུར་བྱ་བར་གྲུབ་འབྲས་མི་དམན་པ་བླངས། ཡིན་ཡང་། གོང་རིམ་བླང་བྱ་དང་མང་ཚོགས་ཀྱི་འདོད་བློ་དང་བསྡུར་ན་བྱ་བའི་གནད་དོན་ཁ་ཤས་ཤིག་དུ་དུང་་གནས་ཡོད།
བྱེ་བྲག་གི་གནད་དོན་ནི། གཅིག་ནས་ཆབ་སྲིད་ཀྱི་འདུ་ཤེས་དམའ་བ། གཉིས་ནས་དྲིལ་སྒྲོག་ནུས་པར་ཤུགས་སྣོན་བྱེད་དགོས་པ། གསུམ་ནས་བྱ་བའི་ནུས་ཤུགས་མི་འདང་བ་བཅས་ཡིན། རྫོང་ཨུའི་ཧྲུའུ་ཅི་བཀྲ་རྒྱམ་གྱིས་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ནུས་ཤུགས་ཡོད་དགུས་ཁོར་སྲུང་ལྟ་ཞིབ་བྱ་བའི་སྟེང་ནུས་ཤུགས་གང་ཡོད་འདོན་དགོས་ཟེར། གཅིག་ནས་ཧུར་ཐག་གིས་ཆབ་སྲིད་ལངས་ཕྱོགས་བརྟན་པོ་ཡིན་དགོས་པ། གཉིས་ནས་མགྱོགས་མྱུར་ངང་དག་ཐེར་བྱ་བའི་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་དགོས་པ། གསུམ་ནས་ལྟ་སྐུལ་འགན་འཁྲིའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། བཞི་ནས་དྲིལ་སྒྲོག་སྣེ་སྟོན་གླེང་ཕྱོགས་ལ་ཤུགས་སྣོན་གཏོང་དགོས་ཞེས་བཤད།