གེ་སར་རིག་པའི་གླེང་སྟེགས་རྨ་ཡུལ་མགོ་ལོག་ནས་བསྡུས་པ།
གེ་སར་རིག་པའི་གླེང་སྟེགས་རྨ་ཡུལ་མགོ་ལོག་ནས་བསྡུས་པ།
སྤྱི་ཟླ8པའི་ཚེས13ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མགོ་ལོག་ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་མགོ་ལོག་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཆེད་མཁས་པའི་གླེང་སྟེགས་རྨ་ཡུལ་མགོ་ལོག་ནས་བསྡུས།
གླེང་སྟེགས་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ། མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལིས་ཆིན་དང་། བསྟན་ཁོ། ཀྲའོ་ཁྲུན་ཧྲིན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་གི་འགོ་གཙོ་དབང་གྲགས། ཡུལ་ཤུལ་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ངག་དབང་དགེ་ལེགས། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡིས་ཀྲང་དང་། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས། དེ་མིན་མགོ་ལོག་ཁུལ་གྱི་གེ་སར་རིག་པའི་ཆེད་མཁས་པ་དང་། མགོ་ལོག་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་དང་། རྫོང་སོ་སོའི་འགན་ཁུར་པ་དང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་སོགས་འབྲེལ་ཡོད་ཀྱི་མགོ་ཁྲིད་དང་། ཆེད་མཁས་པ། ཤེས་ཡོན་པ་བཅས་མི་སྣ80ལྷག་གླེང་སྟེགས་སྟེང་ཞུགས།
གླེང་སྟེགས་སྟེང་ཆེད་མཁས་པ་རྣམས་ཀྱིས་གེ་སར་རིག་པའི་ཞིབ་འཇུག་དང་། རྒྱུད་འཛིན། འཕེལ་རྒྱས་བཅས་ཀྱི་སྐོར་དང་། ལྷག་པར་དུ་མགོ་ལོག་གེ་སར་རིག་གནས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་། གེ་སར་སྒྲུང་པ་སྲུང་སྐྱོབ། སྒྲུང་ཡིག་དཔར་སྐྲུན། ཤུལ་རྟེན་མྱུར་སྐྱོབ་སོགས་སྐོར་ནས་གཏམ་བཤད་གལ་ཆེན་གནང་ཞིང་། ཕུལ་དུ་བྱུང་བའི་གེ་སར་རིག་གནས་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱེད་པ། རིག་གནས་རང་རྟོན་དང་ལམ་ལུགས་རང་རྟོན། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སོགས་ཀྱི་ཐད་ལ་བསམ་ཚུལ་ཡག་པོ་བཏོན་པ་རེད།