logo

མཚོ་ནུབ་གྱི་ཚྭ་འདམ་བྲག་དམར་ཁུལ་དེ་ཀྲུང་གོའི་སྐར་མ་མིག་དམར་གྱི་དཔེ་དབྱིབས་རྟེན་གཞིར་འགྱུར་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། དུས་ཚོད།:2017-08-12 ཀློག་གྲངས།:


རང་རྒྱལ་གྱི་སྐར་མ་མིག་དམར་གྱི་དཔེ་དབྱིབས་རྟེན་གཞི་ཡོད་སའི་མཚོ་སྔོན་ཞིང་ཆེན་
མཚོ་ནུབ་ཁུལ་གྱི་ཚྭ་འདམ་བྲག་དམར་ས་ཁུལ་ཡིན།

     ཉེ་ལམ། ཀྲུང་གོའི་ཚན་རིག་གླིང་གི་ཟླ་བའི་གོ་ལ་དང་བར་སྣང་ཚོད་དཔྱད་སྤྱི་ཁྱབ་པུའུ་ནས་ཤེས་གསལ་ལྟར་ན། རང་རྒྱལ་གྱི་སྐར་མ་མིག་དམར་དཔེ་དབྱིབས་རྟེན་གཞི་ཐོག་མའི་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཚྭ་འདམ་བྲག་དམར་ཁུལ་དུ་གཞི་ཚུགས་རྒྱུ་རེད།

     ས་དེ་ལ་ཡཱ་ཏན་གྱི་ས་དབྱིབས་ཆགས་གཤིས་དང་། རང་བྱུང་གི་ཡུལ་ལྗོངས།  གནམ་གཤིས་ཀྱི་ཆ་རྐྱེན་སོགས་གང་ཅིའི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བས་ཆེད་མཁས་པའི་མིག་ནང་གི་ཀྲུང་གོའི་སྐར་མ་མིག་དམར་དང་གཉིས་སུ་མེད་པའི་ས་གནས་སུ་གྱུར།


འབྲེལ་ཡོད་འོས་སྦྱོར།