རིན་ཆེན་ལྷ་མོ་དང་འཕྲིན་ལས་བསྟན་འཛིན་གཉིས་ཀྱིས་ལུས་རྩལ་འགྲན་ཚོགས་མང་ཚོགས་བྲག་འཛེག་ཏུ་ཨང3པ་བླངས།
སྤྱི་ཟླ8པའི་ཚེས9ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་གྱི་བྲག་འཛེག་རྟིང་རྩོད་འགྲན་བསྡུར་དུ་བོད་ལྗོངས་ཀྱི་འགྲན་ཞུགས་པ་འཕྲིན་ལས་བསྟན་འཛིན་གྱིས་སྐྱེས་པའི་འགྲོས་ཚད་རྟིང་རྩོད་ཀྱི་ཨང་གསུམ་པ་བླངས།
སྤྱི་ཟླ8པའི་ཚེས10ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་གྱི་བྲག་འཛེག་རྟིང་རྩོད་འགྲན་བསྡུར་དེ་ཁྲུང་ཆིང་དུ་མཇུག་སྒྲིལ་ཞིང་། སྐྱེས་མའི་བྲག་འཛེག་འགྲན་བསྡུར་དུ་ཀོང་ཏུང་གི་འགྲན་ཞུགས་པ་ཀྲང་ཡུའེ་ཐུང་གིས་ཨང་དང་པོ་དང་། པེ་ཅིང་གི་འགྲན་ཞུགས་པ་ཅང་རོང་གིས་ཨང་གཉིས་པ། བོད་ལྗོངས་ཀྱི་འགྲན་ཞུགས་པ་རིན་ཆེན་ལྷ་མོས་ཨང་གསུམ་པ་བཅས་བླངས།
ཞར་བཀོད།
རིན་ཆེན་ལྷ་མོས2016ལོའི་ཟླ8པའི་ཚེས26ཉིན། 2016ལོའི་རྒྱལ་ཡོངས་བྲག་འཛེག་དབྱེ་འགྲན་ལྷ་སའི་འགྲན་བསྡུར་དུ་སྐྱེས་མའི་དཀའ་ཚད་འགྲན་བསྡུར་དང་བྲག་འཛེག་འགྲན་བསྡུར་གྱི་ཨང་དང་པོ་དང་། 2016ལོའི་ཟླ10བའི་ཚེས19ཉིན། 2016ལོའི་ཀྲུང་གོའི་ཝུའུ་ཅང་ཧྥུན་མཚོ་རྒྱལ་སྤྱིའི་བྲག་འཛེག་འམ་གླིང་བུམ་པའི་ཁྲོད་ཨང་གཉིས་པ་བླངས་མྱོང་།