logo

མཚོ་ལྷོ་ཁུལ་གྱིས་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ལུགས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-09 ཀློག་གྲངས།:

     མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ལུགས་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་རིགས་སོ་སོའི་མི་དམངས་ལ“ཁུལ་ཡོངས་ཀྱི་ནུས་ཤུགས་བསྐྱེད་དེ། མི་རིགས་ལུས་རྩལ་འགྲན་ཚོགས་ལེགས་པོར་བསྒྲུབ་པའི”འབོད་སྐུལ་བཏང་།
     གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་འབྲེལ་ཡོད་འགན་སྒྲུབ་དགོངས་ཚུལ་ལྟར། མཚོ་ལྷོའི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག  ཁུལ་ཡོངས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་གྲ་སྒྲིག་བྱ་བ་སྤེལ་གྱི་ཡོད།
     ཉིན་འདི་འགར། མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བ་དང་། གསེར་ཆེན་རྫོང་མདའ་རྩེད་ཁང་། གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ། མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་བཅས་སུ་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རིག་རྩལ་སྔོན་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་གྱི་ཡོད།


འབྲེལ་ཡོད་འོས་སྦྱོར།