logo

བོད་ལྗོངས་ཀྱི་སྒོར་གཞས་སྤེལ་རེས་དང་འགྲེམས་སྟོན་འགྲན་བསྡུར་སྐབས་དང་པོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ། དུས་ཚོད།:2017-08-09 ཀློག་གྲངས།:

     སྤྱི་ཟླ8པའི་ཚེས7ཉིན་གྱི་སྔ་དྲོ།  སྤྱི་ལོ2017ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་མགོ་འཛུགས་མཛད་སྒོ་དང་ལྗོངས་ཡོངས་ཀྱི་སྒོར་གཞས་སྤེལ་རེས་དང་འགྲེམས་སྟོན་འགྲན་བསྡུར་སྐབས་དང་པོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་དུ་སྤེལ་མགོ་ཚུགས་པ་རེད།

     རྒྱལ་ཡོངས་ཀྱི་ཐེངས་དགུ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་འཆར་ལ་ཉེ་བས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སྦྱོང་བྱེད་འདོད་ཆེ་རུ་བཏང་ནས་རང་འགུལ་ངང་ལུས་རྩལ་སྦྱོང་བརྡར་བྱས་ཏེ་གཟུགས་པོའི་བྱང་ཚད་ལེགས་སུ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཆེད།  ད་ཐེངས་ཀྱི་འགྲན་བསྡུར་ནང་བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སྒོར་གཞས་རུ་ཁག19ཡི་མི390ལྷག་ཞུགས་ཡོད།


འབྲེལ་ཡོད་འོས་སྦྱོར།