logo

མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགན་སྲུང་བྱ་བ་བསྒྲུབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-08 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་པ།

     མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཐོན་ལ་ཉེ་བའི་སྐབས་འདིར། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འགན་སྒྲུབ་ཕྱོགས་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་ཚད་གཞི་མཐོ་བའི་དོ་དམ་དགོངས་ཚུལ་དང་ཕན་ལྡན་གྱི་དག་བཅོས་བྱེད་ཐབས། ཚད་མཐོའི་ཞབས་ཞུ་འགན་སྲུང་བཅས་ཀྱིས་གང་ནུས་སྒོས་ས་གནས་འདིའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་པ་དང་། སྣང་བརྙན་གསར་བ་དང་སྤྲོ་སེམས་འཁོལ་བའི་ཞབས་ཞུ་ཡིས་གཟབ་ཚོགས་བསྡུ་བར་བསུ་མ་བྱེད།
     ཉེ་ལམ། མཚོ་ལྷོ་ཁུལ་ཡུལ་སྐོར་ཅུས་སྣེ་ཁྲིད་དེ། ཟས་རིགས་སྨན་རྫས། ཚོང་ར་ལྟ་སྐུལ། སྤྱི་བདེ། མེ་འགོག་མེ་གསོད། ཞིང་འབྲོག འཕྲོད་བསྟེན་སོགས་སྡེ་ཁག་གི་མཐུན་སྦྱོར་ཇེ་དྲག་དང་། དུས་ལྟར་མགྲོན་ཁང་དང་། གསོལ་མགྲོན་ཁང་། ཟ་ཁང་གི་འགན་འཛིན་སོགས་འགན་ཁུར་བ་རྩ་འཛུགས་བྱས་ཏེ་སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་གལ་ཆེ་བའི་དོན་སྙིང་རྒྱ་ཆེར་དྲིལ་སྒྲོག་བྱེད་པའི་རྨང་གཞིའི་སྟེང་། ཚོགས་འདུས་གསོ་སྦྱོང་གི་ཚབ་བྱེད་པའི་རྣམ་པར་བརྒྱུད་ཟས་རིགས་འཕྲོད་བསྟེན་དང་། བདེ་འཇགས་སྲུང་སྐྱོབ། སྨན་བཅོས་ཞབས་ཞུ། མཁོ་བསྟུན་ཐག་གཅོད། ཕྱོགས་བསྡུས་འགན་སྲུང་སོགས་འབྲེལ་ཡོད་གསོ་སྦྱོང་སྤེལ་ནས། ཚད་གཞི་མཐོ་ཞིང་གཟབ་ནན་ཡིན་པ་དང་། ཞིབ་ཕྲའི་སྟེང་འབད་བརྩོན་བྱེད་ཅིང་། སྔར་ལས་ལྷག་པར་ཞབས་ཞུའི་བརྒྱུད་རིམ་ལེགས་བཅོས་འཐུས་ཚང་དུ་གཏོང་ལ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ལུས་རྩལ་པ་དང་སྐུ་མགྲོན་རྣམས་ཀྱིས་མཚོ་ལྷོ་ཁུལ་དུ་མཛེས་སྡུག་གི་དུས་སྐབས་ཤིག་རོལ་ཞིང་བརྗེད་ཐབས་བྲལ་བའི་ཕྱིར་དྲན་གྱི་ཤུགས་རྐྱེན་འཇོག་པ།

     འགྲིམ་འགྲུལ་སྐྱེལ་འདྲེན་འགན་སྲུང་རུ་ཁག་གིས་མགོ་རྩོམ་མཛད་སྒོ་དང་འགྲན་བསྡུར་གྱི་སྐབས་སུ། དུས་སྔོན་སྐུ་མགྲོན་སྔོན་དཔོག་དང་། ལུགས་མཐུན་གྱིས་སྐྱེལ་འདྲེན་བྱེད་ཤུགས་བཀོད་སྒྲིག་བྱེད་ཅིང་། བྱ་འགུལ་སྐབས་ཀྱི་རླངས་འཁོར་འགྲོ་འོང་དང་འཇོག་གནས། འཁོར་བསྐྱོད་སྐྱེལ་འདྲེན། དེ་མིན་འཐུས་ཚབ་རུ་ཁག་དང་ལུས་རྩལ་པའི་འགྲིམ་སྐྱེལ་ལ་བསམ་གཞིག་ལེགས་པོ་བཏང་སྟེ། ལུགས་མཐུན་སྒོས་སྐུ་མགྲོན་དང་། ཤན་འབྱེད་པ། ལུས་རྩལ་པ། འཁྲབ་སྟོན་མི་སྣ། མང་ཚོགས་སྐྱེལ་འདྲེན་ས་ཚིགས་གཏན་འཁེལ་བྱེད་པ་དང་། རླངས་འཁོར་བཀོད་གཏོང་དང་འགྲིམ་འགྲུལ་ཁྲིད་སྟོན། འགན་སྲུང་ཞབས་ཞུ་སོགས་ཞིབ་ཕྲའི་བྱ་བ་བཀོད་སྒྲིག་ལེགས་པོ་བྱས་ཏེ། འགྲོ་འོང་བདེ་འཇགས་དང་བདེ་བླག་ངང་བསྐྱོད་པར་འགན་སྲུང་སྒོས། མི་རིགས་ལུགས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུ་བར་འགྲིམ་འགྲུལ་ཤར་བགྲོད་ཐུབ་པར་ཁོར་ཡུག་ལེགས་པོ་བསྐྲུན།
     ཆུ་བེད་སྡེ་ཁག་གིས་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་ལ་ཟུང་སྦྲེལ་སྒོས་དུས་ལྟར་རང་འབབ་ཆུ་སྦུག་སྲུང་སྐྱོབ་དང་འཕྲལ་བཟོ་བྱས་ཏེ། ལུས་རྩལ་ར་བར་ཆུ་་འདོན་དགོས་མཁོ་སྐོང་བར་འགན་སྲུང་དང་། གློག་ཤུགས་སྡེ་ཁག་གིས་ལུས་རྩལ་ར་བ་ཕྱི་ནང་གི་གློག་ཤུགས་ལམ་ཐིག་དང་གློག་ཤུགས་སྒྲིག་ཆས་ཡོངས་ལ་ཞིབ་བཤེར་ཉམས་བཟོ་ཞིག་བྱེད་དགོས་པ་མ་ཟད་གློག་ཤུགས་མཁོ་བསྟུན་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས།
     དུས་མཚུངས་སུ། རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལུས་རྩལ་འགྲན་ཁང་དང་ལུས་རྩལ་ར་བར་ཚོད་ལྟའི་བྱ་བ་ལེགས་པོ་བསྒྲུབ་པ་དང་། གོ་རིམ་སོ་སོར་ལུས་རྩལ་འགྲན་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ལྟར་ཚོད་ལྟའི་སྦྱོང་བརྡར་དང་། གནད་དོན་ཡོད་ན་གཟབ་ནན་དང་ཕྱོགས་ཡོངས། དཔྱིས་ཕྱིན་པའི་སྒོ་ནས་དག་ཐེར་སྒོས་འགྲན་ཚན་རེ་རེ་དང་བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེདཔ།
     རླངས་འཁོར་འཇོག་གནས་དང་འགྲན་རའི་འཕྲོད་བསྟེན་སྤྱོད་ཁང་དང་། སྙིགས་སྒམ་ཉུང་བ། རླངས་འཁོར་འཇོག་གནས་སོ་སོར་རྟགས་མཚན་བརྒྱབ་མེད་པའི་གནད་དོན་སོགས་ལ་དམིགས་ཏེ། བྱ་བའི་ཚན་ཆུང་སོ་སོའི་བར་མཐུན་སྦྱོར་སྒོས་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སུ། གྲངས་ཀ་འདང་ངེས་ཀྱི་འགུལ་སྤོ་རྣམ་པའི་སྤྱོད་ཁང་དང་སྙིགས་སྒམ་འདྲུད་ནས་ཡོང་རྒྱུ་མ་ཟད། རླངས་འཁོར་འཇོག་གནས་ཀྱི་ཐིག་རྟགས་དང་མཚོན་རྟགས། རྟགས་བྱང་འཛུགས་པ་དང་། གཞུང་ལམ་ཕྱོགས་གཉིས་ཀྱི་གྲོག་ཤུར་དངའགྲན་ར་མཐའ་འཁོར་གཞུང་ལམ་གྱི་གཙང་སེལ་ཞིག་གསོ་བྱ་བར་ཤུགས་བསྣན་ཏེ། གཞུང་ལམ་གཙང་དག་དང་བསྐྱོད་བདེ་བར་རྒྱུན་འཁྱོངས་དང་། འགྲན་ཚོགས་སྐབས་སུ་སྤྱོད་ཁང་ཡོད་པ་དང་གད་སྙིགས་འཕོ་ས་ཡོད་པ། རླངས་འཁོར་འཇོག་ས་ཡོད་པར་ཁག་ཐེག་བྱེད་པ།


འབྲེལ་ཡོད་འོས་སྦྱོར།